ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སློབ་གསོ་དང་ཚན་རྩལ་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 14 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སློབ་གསོ་དང་ཚན་རྩལ་རིག་གནས་འཕྲ
ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སློབ་གསོ་དང་ཚན་རྩལ་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/1/20ལྟ་ཀློག (1601)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ནས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། སློབ་གསོ་དང་ཚན་རྩལ། རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི«སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཡིག)»གི་བསམ་འཆར་དང་གྲོས་གཞི་ལ་ཉན་པ། 
 

ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ནས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། སློབ་གསོ་དང་ཚན་རྩལ། རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི«སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཡིག)»གི་བསམ་འཆར་དང་གྲོས་གཞི་ལ་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་། འཐུས་མི་བཅུ་ཡིས་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་པ་དང་། རང་སོ་སོའི་ཕྱོགས་ནས་འདས་པའི་ལོ་གཅིག་གི་རིང་ལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཐད་ཀྱི་མྱོང་ཚོར་ལྷུག་པོར་བརྗོད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སྐོར་གྱི་ནང་དོན་སྔར་ལས་ཇེ་མང་དུ་གཏོང་བར་དམིགས་ནས། ལང་ལོང་གིས་ལྟ་ཚུལ་བརྗོད་པ་དང་གྲོས་གཞི་བཏོན།

ཚང་མས་གཏམ་བཤད་པར་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། དེ་རིང་ཁྱེད་རྣམ་པས་བཤད་པ་ནི་རྒྱལ་ཁབ་ཀྱི་སློབ་གསོ་དང་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་དཔལ་ཡོན་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་བ་ཡོད་པས། སྲིད་གཞུང་བྱ་བས་ཕྱོགས་དེའི་ནང་དོན་གཙོ་བོར་འཛིན་དགོས་ལ། ཆེས་གལ་ཆེ་བ་ནི་རིམ་པ་སོ་སོའི་སྲིད་གཞུང་གིས་ལག་ལེན་ཏུ་བསྟར་ཐུབ་པའི་བྱེད་ཐབས་སྤྱོད་དགོས་པ་དེ་ཡིན་ཟེར། ཁོང་གིས་ཚང་མར་བཀའ་དྲིན་ཞུས་པར་མ་ཟད། ཚང་མར་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་ཡང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་དང་གོ་ཧྲིན་ཁུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48594690
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1