ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྟེང་ཡང་བསྐྱར་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྟེང་ཡང་བསྐྱར་
ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྟེང་ཡང་བསྐྱར་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/1/20ལྟ་ཀློག (1710)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་དང་པོའི་ཚེས་བཅུ་དགུའི་ཉིན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ཀྱི་ཡུལ་དངོས་སུ་རྨས་མ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ།

ཐེ་གོའི་རྒྱལ་ས་མན་ཀུའུ་གྲོང་ཁྱེར་གྱི་རྒྱལ་ཁའི་རྗེས་དྲན་རྡོ་རིང་གི་ཉེ་འདབས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྟེང་ཚེས་བཅུ་དགུའི་ཉིན་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་ཉེར་བརྒྱད་ལ་རྨས་ཕོག

ངོ་རྒོལ་ཕྱོགས་ཁག་གིས་གྲོང་ཁྱེར་ལ་ཡོངས་ཁྱབ་ཏུ་བཀག་སྡོམ་བྱས་པའི་ཚུན་ལ། མན་ཀུའུ་ནས་དྲག་ཤུགས་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། རྔམ་སྟོན་རུ་ཁག་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པའི་སྡོད་གནས་ལ་འགས་གཏོར་འཇབ་རྒོལ་ཐེབས་པ་དང་རྔམ་སྟོན་ཁྲོམ་སྐོར་མཁན་ལ་མེ་མདའི་འཇབ་རྒོལ་ཐེབས་པ་སོགས་དོན་རྐྱེན་མང་དུ་བྱུང་།

ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ། རྒྱལ་ཁའི་རྗེས་དྲན་རྡོ་རིང་གི་ཉེ་འདབས་སུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྤེལ་སའི་ཡུལ་དངོས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། སྐར་མ་གཉིས་ཙམ་གྱི་རྗེས་སུ་སྔོན་ཀྱི་འགས་གཏོར་དོན་རྐྱེན་བྱུང་ས་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་ཙམ་གྱི་མཚམས་ནས་ཡང་བསྐྱར་འགས་གཏོར་དོན་རྐྱེན་བྱུང་།

མན་ཀུའུ་གྲོང་ཁྱེར་ཨེ་ལོས་ཝན་མྱུར་སྐྱོབ་ལྟེ་གནས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་གཉིས་ལས་མི་ཉེར་བརྒྱད་ལ་རྨས་ཕོག་ཟེར། མན་ཀུའུ་སྦྲགས་སྲིད་ཚགས་པར་གྱིས་བཀོད་པ་ལྟར་ན། རྨས་མའི་ཁྲོད་ཚགས་པར་གྱི་གསར་འགོད་པ་ཞིག་ཡོད་ཟེར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50469001
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1