ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མན་ཀུའུ་གྲོང་ཁྱེར་གྱི་འདེམ་ཤོག་འཕེན་ས་བཞི་བརྒྱ་དང་གྱ་བརྒྱད་ཀྱི་བྱ་བ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མན་ཀུའུ་གྲོང་ཁྱེར་གྱི་འད
ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མན་ཀུའུ་གྲོང་ཁྱེར་གྱི་འདེམ་ཤོག་འཕེན་ས་བཞི་བརྒྱ་དང་གྱ་བརྒྱད་ཀྱི་བྱ་བ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/2/3ལྟ་ཀློག (1633)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཐེ་གོའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་གྱིས་ཚེས་གཉིས་ཉིན་འདེམ་ཤོག་འཕེན་པའི་བྱ་བ་མགོ་བརྩམས་ནས་དུས་ཚོད་འགའ་འགོར་རྗེས། བསྟུད་མར་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་སྟེ་མི་དགུ་ལ་རྨས་ཕོག་པ་དང་། དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད། པར་འདི་ནི་ཐེ་གོའི་འདེམ་དམངས་དང་རྔམ་སྟོན་ཁྲོམ་སྐོར་མཁན་བར་འཁྲུག་རྩོད་བྱུང་སྟེ་ཕན་ཚུན་རྡོ་བས་རྒྱག་བཞིན་པའི་ཚུལ་རེད།

ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ས་མན་ཀུའུ་གྲོང་ཁྱེར་གྱི་འདེམ་ཤོག་འཕེན་ས་བཞི་བརྒྱ་དང་གྱ་བརྒྱད་ཀྱི་བྱ་བ་མཚམས་བཞག་ཟེར།

ཐེ་གོའི་གྲོས་ཁང་ཞོལ་མའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ནས་མགོ་བརྩམས་པ་དང་། འདེམ་ཤོག་འཕེན་པའི་བྱ་བ་མགོ་བརྩམས་པའི་ཚུན་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་རྒྱུན་ཆད་མེད་པར་བྱུང་ཞིང་། འདེམ་ཁུལ་ཞེ་གཉིས་ལ་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་འཇབ་རྒོལ་ཐེབས་པས་འདེམ་ཤོག་འཕེན་པའི་བྱ་བ་སྤེལ་ཐབས་མེད་པར་གྱུར།

ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་མན་ཀུའུ་གྲོང་ཁྱེར་གྱི་འདེམ་ཤོག་འཕེན་ས་བཞི་བརྒྱ་དང་གྱ་བརྒྱད་ཀྱི་འདེམ་ཤོག་འཕེན་པའི་བྱ་བ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

དེའི་སྔོན་ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཡོངས་ཀྱི་ཞིང་ཆེན་དོན་བདུན་གྱི་འདེམ་ཁུལ་སུམ་བརྒྱ་དང་དོན་ལྔའི་ནང་། ཞིང་ཆེན་རེ་བརྒྱད་ཀྱི་འདེམ་ཁུལ་སུམ་བརྒྱ་དང་སོ་གསུམ་ནས་འདེམ་ཤོག་འཕང་བ་དང་། ཞིང་ཆེན་དགུ་ཡི་འདེམ་ཁུལ་ཞེ་གཉིས་ཀྱི་འདེམ་ཤོག་འཕེན་པའི་བྱ་བར་བཀག་རྒྱ་ཐེབས་ནས་འདེམ་ཤོག་འཕེན་པའི་བྱ་བ་མུ་མཐུད་དུ་སྤེལ་ཐབས་མེད་ཟེར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48602245
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1