ཧན་གོ་དང་ཨ་མེ་རི་ཁས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགོག་སྲུང་གྲོན་དངུལ་མཉམ་བགོ་བྱེད་པའི་གནད་དོན་ཐད་ནས་དངོས་གཞིའི་གྲོས་མཐུན་བཀོད་པ་དང་། ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཧྲིག་ཨར་དུ་ཡོད་པའི་ཕྱི་འབྲེལ་པུའུ་ཡི་ཐོག་ཁང་ཆེན་མོ་ནས་མིང་འགོད་པའི་མཛད་སྒོ་སྤེལ། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཡུན་པེན་ཧྲི་དང་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཅིན་ཁྲིན་གཉིས་ཀྱིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་ཚབ་བྱས་ཏེ་མིང་འགོད་མཛད་སྒོར་ཞུགས།

ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ཟླ་དང་པོར་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགོག་སྲུང་གྲོན་དངུལ་མཉམ་བགོ་བྱེད་པའི་གནད་དོན་ཐད་ནས་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། ཧན་གོས་ད་ལོར་འགན་ཁུར་བའི་འགོག་སྲུང་གྲོན་དངུལ་གྱི་སྤྱི་འབོར་ནི་ཧན་གོའི་སྒོར་མོ་ཁྲག་ཁྲིག་དགུ་དང་ཐེར་ཆེན་གཉིས་རེད།
ཐེངས་འདིར་བཀོད་པའི་འགོག་སྲུང་གྲོན་དངུལ་མཉམ་བགོའི་དམིགས་བསལ་གྲོས་ཆོད་དེའི་ནུས་ལྡན་ཡུན་ཚད་ཉིས་སྟོང་བཅོ་བརྒྱད་ལོའི་བར་ལོ་ལྔ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ད་རུང་ལམ་ལུགས་ཐད་ནས་འགོག་སྲུང་གྲོན་དངུལ་གྱི་བེད་སྤྱོད་གནས་ཚུལ་ཡོངས་བསྒྲགས་བྱེད་ཚད་ཇེ་མཐོར་བཏང་སྟེ། མ་དངུལ་གྱི་སྤྱོད་སྒོ་གཞན་དུ་བྱེད་པ་དང་སྔོན་རྩིས་ལག་བསྟར་དོན་འཁྱོལ་མི་ཡོང་བ་སོགས་ཀྱི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཐག་བཅད།
ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་ཐོག་མར་འགོག་སྲུང་གྲོན་དངུལ་མཉམ་བགོ་བྱེད་པའི་དམིགས་བསལ་གྲོས་ཆོད་བཀོད་པ་དང་། ཉིས་སྟོང་དགུ་ལོའི་བར་བསྡོམས་པས་གྲོས་ཆོད་དེ་ཐེངས་བརྒྱད་ལ་བཀོད་པ་རེད། ཐེངས་འདིའི་གྲོས་ཆོད་ལ་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་རྗེས་དངོས་སུ་ནུས་ལྡན་དུ་འགྱུར་ངེས་རེད།
|