རི་སྔོན་འཕྲིན་ལས་ཀྱི་དེབ་གསར་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 29 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »རི་སྔོན་འཕྲིན་ལས་ཀྱི་དེབ་གསར་འོས་སྦྱོར།
རི་སྔོན་འཕྲིན་ལས་ཀྱི་དེབ་གསར་འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/1ལྟ་ཀློག (2505)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


    བདག་ནི་སྙན་ངག་ལ་ཧ་ཅང་དགའ་ཞིང་ཧ་ཅང་དུངས་པའི་དབང་གིས་མི་ཚེ་འདིའི་དུས་ཚོད་མང་བོ་ཞིག་ཀྱང་སྙན་ངག་གི་ཕྱོགས་ལ་ཕུལ་དང་འབུལ་བཞིན་ཡོད་ལ།  ཐེངས་སྔོན་མརཐ་སྙད་དང་གདངསཞེས་པའི་སྙན་དེབ་ཅིག་འགྲེམས་སྤེལ་བྱས་མོད། རྐྱེན་དབང་དུ་མ་ཞིག་གིས་ཤི་མ་གསོན་དུ་གྱུར་སོང་བ་དང་ཡང་བསྐྱར་ཀློག་པ་བོ་དག་གི་བགོ་སྐལ་དུ་དགྲམ་པའི་སྐལ་བ་མ་བྱུང་ངོ་། །
ཐེངས་འདིར་ཡང་བསྐྱརཕ་ཡུལ་དང་སྐད་ཆཞེས་པའི་སྒེར་དེབ་གཉིས་པ་ཞིག་སྒོར་ཕུད་ཡོད་ལ2014ལོའི་སྤྱི་ཟླ03པའི་ཚེས་མགོ་ནས་ཕྱོགས་སོ་སོར་དགྲམ་རྩིས་ཡོད།
                                                                      ཞེས་དེབ་ཀྱི་བྱེད་པོ་རི་སྔོན་འཕྲིན་ལས་ཀྱིས།

                 མྱོང་བ་ཕྲ་མོ།
                            
ཨ་འཇམ།
   
དེ་རིང་བདག་གི་ལག་ཏུ་ཕ་ཡུལ་དང་སྐད་ཆ་ཞེས་པའི་སྙན་དེབ་ཀྱི་མ་ཡིག་ཅིག་འབྱོར་བྱུང་། རང་ཉིད་ཀྱང་ཐ་སྙད་ཀྱི་བརྒྱུད་ལམ་ནས་ཚེ་སྲོག་གི་གསོན་གནས་འཚོལ་བའི་ལམ་འགྲོ་བ་ཞིག་ཡིན་པས། སྙན་ངག་ཅེས་པའི་ཕྲ་ཕུང་རེ་རེ་ལས་རང་ཉིད་ལ་ཅི་ཞིག་འཐོབ་པར་རྔམ་ཁ་ཅིས་ཀྱང་ཡོད་པས། ཐག་རིང་གི་ཡི་གེའི་སྒྱུ་རྩལ་འདི་ཡང་ཡན་པོར་མ་བཏང་བར་སྐད་ཆའི་འགྱུར་ཁུགས་ཀྱི་ངོས་སུ་ཞུགས་པ་ཡིན།
   
སྙན་ངག་འདི་ཉིད་ཀྱི་དང་ཐོག་རང་ཉིད་ལ་ཐོབ་པ་ནི་ལྷོད་ཤ་ལེ་བའི་ཁྱད་ཆོས་ཤིག་མཆིས། དེ་ནི་ཚིག་ངོས་ཧྲིལ་བོ་ཅུང་དཀྱུས་སུ་བབས་ཏེ་བརྡ་སྐད་ཡན་གར་བས་ལྷུ་ཐག་མ་བཅད་པས་རེད། ཚིག་རྐང་རེ་རེའི་ཁྲོད་དུ་དབྱངས་འགྲོས་ཤིག་མཉེན་འཇམ་དུ་བཞུར་བ་ཡང་རྒྱུ་མཚན་དེ་དང་འབྲེལ་བར་སྙམ། གཙོ་བོ་དམངས་ཀྱི་སྐད་ལ་ཉེ་བར་བཅར་ཡང་རྒྱུ་རྐྱེན་ཞིག་ཏུ་བརྩིས་ཆོག དབྱངས་འགྲོས་དེ་ལས་ད་གཟོད་གནས་ལུགས་ཤིག་དང་གནས་བབ་ཅིག་གི་ཞལ་ཁེབས་འབྱེད་པ་ཡང་བཞེངས་བཀོད་སྤྱི་བབ་ཀྱི་འགྲོས་ཤིག་ཏུ་གྲུབ།
   
རིམ་གྱིས་དབྱངས་འགྲོས་ནས་ནང་ངོས་སུ་ཞུགས་ཚེ་ད་གཟོད་རྩོམ་པ་པོའི་སེམས་ཀྱི་འཕར་འདེགས་དེ་ཡང་ཚིག་གི་ལྡེམ་ཤུགས་ཀྱི་འགྲོས་ཚད་དང་བསྟུན་ནས་མངོན་ཐུབ། དེ་ལས་གས་ཆགས་ཤིག་གམ་རྒུད་ལྟས་ཤིག་ཀྱང་བབ་ཆགས་པའི་ཐ་སྙད་ཀྱི་ལྷུ་ཚིགས་རེ་རེ་ནས་ག་ལེར་འབྱུང་འགོ་ཚུགས་པས། མཚམས་མཚམས་སུ་ས་ཁྲེས་ཀྱིས། རྩོམ་འབྲི་བའི་དམིགས་ཡུལ་ནི་ཐེར་འདོན་ཡིན་ལ། ཐེར་འདོན་གྱི་དམིགས་ཡུལ་ནི་བཅོས་སྒྱུར་ཡིན། ཞེས་པ་དེ་དང་བར་ཐག་ཉེ་བར་སྣང་བའི་ཚོར་བ་བྱུང་། དེང་དུས་སྙན་ངག་ལ་འགན་འཁྲི་དང་དམིགས་ཡུལ་གླེང་བར་མི་སྤྲོ་བའི་སྐབས་སུ་མཚོན་ན་ཕྱི་བཤོལ་ཞིག་ཏུ་སྣང་ནའང་། རྩོམ་པ་པོའི་རང་བྱུང་དུ་འཕྱུར་བའི་སེམས་ཀྱི་འགྱུ་ཕྱོགས་ཤིག་ཏུ་བསམ་ན། དེ་ལས་ཀྱང་བག་ལ་ཉལ་བའི་སྟོབས་ཤུགས་ཤིག་ལ་འཇུག་ཐུབ་པར་སྙམ།
   
སྙན་རྩོམ་འདི་ལས། ང་ཡུལ་ཤུལ་ལ་ཐོན་དུསཞེས་དང་། ཕ་ཡུལ་གྱི་ངོས་གཞན་ཞིགཅེས་པ་སོགས་ལ་འུ་བུ་ཅག་གི་བསྡུས་བརྗོད་ཀྱི་ཁོར་ཡུག་ཅིག་ནས་དུས་རྟག་ཏུ་ཚུར་མངོན་བྱེད་བཞིན་པའི་གནས་བབ་རེ་ཟུང་དམར་འཛིན་བྱས་པ་འདིས་ཞི་ལྷོད་ཀྱི་བརྩམས་ཆོས་ངོས་ཡོངས་སུ་བག་ཡངས་སུ་གྲོལ་བའི་རྟགས་མཚན་གྱི་སྣོན་མ་ཞིག་ཏུ་གཏོགས དེ་ནི་མི་གཤིས་དང་བརྩམས་ཆོས་ལ་བར་སྟོང་ཆེས་ཆེར་མ་བྱུང་བའི་ཉམས་སྣང་ཞིག་ཀྱང་མཆིས་པས་ཞི་བར་བཞུར་ཞིང་ཚ་བར་ཁོལ་བའི་ཆ་ཞིག་གོ།
    
གཞན་སྒྱུ་རྩལ་བརྩམས་ཆོས་ནི་འགྱུར་བའི་ཤུགས་ཀྱིས་བརྟས་པ་ཞིག་ཏུ་ཡོད་འོས་ཏེ། ཁོའི་བརྩམས་ཆོས་སུདམར་བོའི་མདངས་དང་། དམར་བོའི་སྲོགཅེས་པ་རེ་ཟུང་ལས་གཞན་དག་ནི་སྤྱི་སྙོམས་རང་བཞིན་དུ་ཡོད་ཚུལ་ལ་བསམ་ན་སྒྱུ་རྩལ་གྱི་ལངས་ཕྱོགས་ཚུགས་ཐུབ་ཀྱི་ཕྱོགས་སུ་སྤོ་བཞིན་པ་ཞིག་ཡིན་མོད་དེ། དེ་བས་བརྒལ་སྒྲོལ་གྱི་ཚོན་མདངས་འཁྱུག་རིས་མ་ཞིག་ཡོད་ན་ཨང་སྙམ་ཞིག་ཞར་ལ་སྐྱེས་འོང་།
    
གང་ལྟར་སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། དེ་ཡང་རང་གཤིས་དང་འདྲིས་པའི་ཆ་ཤིན་ཏུ་མང་བས། སུ་ཞིག་གིས་ཀྱང་སྐད་ཆའི་མཐོ་ཚད་ཀྱི་ཨང་རྟགས་རྒྱག་མི་ཐུབ་ཅིང་། གལ་སྲིད་དེ་ཚོད་དུ་བགམ་ན་དུས་ཚོད་ལ་དབང་ངོ་ཞུ་བ་ལས་ཐབས་གཞན་ཟད། ཡང་གཅིག་ན་སྐད་ཆ་ཞིག་ཡི་གེ་རུ་གྱུར་བའི་བརྡ་སྐད་ཀྱི་གོ་རིམ་ཁྲོད་དུ་མཛེས་དཔྱོད་ཅེས་པའི་བཙོ་སྦྱངས་ཀྱི་ཟབ་ཚད་ཅིག་རྦད་དེ་འཇལ་རྒྱུ་མེད་པའང་མིན་པས། སྙན་ངག་ནི་འཕེལ་འགྱུར་གྱི་ཁྱད་གཤིས་ཅུང་མང་ན་སྙམ།
   
ད་ནི་མཇུག་ཏུ་བརྗོད་པར་འདོད་པ་ནི་ལྷོད་ཤ་འདི་ཉིད་ཡང་བསྐྱར་སྤྲུགས་ཏེ་ངོས་གཞན་ཞིག་ལ་བཀོད་པ་ནི་ཁྱོད་ཀྱི་རྐང་རྗེས་ཕྱི་མའི་གོ་རིམ་ཞིག་ཏུ་འདོད། དེ་ནི་ད་དུང་མ་སླེབས་ནའང་དེ་ལྟར་བསམ་ཆོག་པས་སོ།  །
      ད་ནི་ལམ་ལ་ཆས་རན་པ་ནི་བག་མ་ལྟར་ཅིས་ཀྱང་ཆས་པར་ཞུ། ཁོ་མོའི་འཛུམ་མདངས་དང་མིག་ཆུ་ནི་ང་དང་ཁྱོད་ལ་ཅིས་ཀྱང་མཁོ་བས་སོ།    །
                      ༢༠༡༣/༡༢/༢༦ མཚན་ལ་ཁ་པར་དུ་ཨ་འཇམ་ཞེས་པས་གཏགས་པའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42307367
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1