ལིག་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔྱིད་དུས་སློབ་སྐབས་མགོ་ཚུགས་པའི་མཛད་སྒོར་ཞུགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ལིག་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔྱིད་དུས་སློབ་སྐབས་མ
ལིག་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔྱིད་དུས་སློབ་སྐབས་མགོ་ཚུགས་པའི་མཛད་སྒོར་ཞུགས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/2ལྟ་ཀློག (1718)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་གསུམ་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2014ལོའི་དཔྱིད་དུས་སློབ་སྐབས་མགོ་ཚུགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།  

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར2014ལོའི་དཔྱིད་དུས་སློབ་སྐབས་མགོ་ཚུགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཛད་སྒོར་ཞུགས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་གསུང་བཤད་གནང་བ་དང་རེ་བ་བཏོན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་གསུངས་བཤད་ལ་སློབ་སྦྱོང་བྱེད་རྒྱུ་དེ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་ལ། ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་བཅས་ཀྱིས་གསུངས་བཤད་ལ་སློབ་སྦྱོང་བྱེད་རྒྱུ་དེ་ལས་བྱེད་པ་གསོ་སྦྱོང་བྱེད་པའི་དགོས་ངེས་སློབ་ཚན་ཞིག་ཏུ་བརྩིས་ནས། ཏང་ཡོན་ལས་བྱེད་པས་གསུངས་བཤད་ཀྱི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ། རང་རྟོགས་སྒོས་གསུངས་བཤད་ཀྱི་དགོངས་དོན་གྱིས་རིག་ལམ་ཇེ་གསལ་དུ་གཏོང་བ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་ཡར་སྐུལ་གཏོང་བ་བཅས་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གལ་ཆེན་གྱིས་མགོ་མཇུག་བར་གསུམ་དུ་ལས་འགན་འཁུར་ཐུབ་པའི་འདུ་ཤེས་སྦྲེལ་ཏེ། མགོ་ཁྲིད་ལས་བྱེད་པས་ལས་འགན་འཁུར་ཐུབ་པར་བྱེད་རྒྱུ་ནན་གྱིས་བསྟན་ཡོད། ལས་འགན་འཁུར་ཐུབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གཤིས་རྒྱུད་བཟང་བོ་ཡིན་ལ། མགོ་ཁྲིད་ལས་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཡང་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལངས་ཕྱོགས་གསལ་བོའི་སྒོ་ནས་ལས་འགན་འཁུར་ཐུབ་མཁན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ལས་འགན་འཁུར་ཐུབ་པའི་མགོ་ཁྲིད་ལས་བྱེད་པར་རྒྱབ་སྐྱོར་བྱས་ནས། ལས་འགན་འཁུར་ཐུབ་མཁན་དེ་མགོ་ཁྲིད་ལས་བྱེད་པ་བསྐོ་འཇོག་བྱེད་པའི་ཁ་ཕྱོགས་སུ་བསྒྱུར་དགོས་པ་དང་། ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཡར་རྒྱས་བརྩོན་ལེན་དང་ལས་འགན་འཁུར་ཐུབ་པའི་ལས་བྱེད་པ་བཀོལ་སྤྱོད་བྱེད་རྒྱུར་གཙིགས་འཛིན་བྱེད་དགོས་ཟེར།   


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484236
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1