རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་མགོ་བརྩམས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་མགོ་བརྩམས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/4ལྟ་ཀློག (1705)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། རྗེས་ཕྱོགས་ཀྱི་ཉིན་དགུའི་རིང་ལ། སྲིད་གྲོས་ཨུ་ཡོན་སྟོང་གཉིས་ལྷག་གིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་དང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལྟ་ཚུལ་གཅིག་སྡུད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་རྔམ་བརྗིད་ཀྱི་རྣམ་པས་ཁེངས་ཡོད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྟེགས་བུའི་དཀྱིལ་དུ་བཀལ་ཡོད་ལ། བཀྲག་མདངས་འཚེར་བའི་དར་དམར་བཅུས་དེའི་མཐའ་གཉིས་བརྒྱན་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ལིན་ཅི་ཧྭ། ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧུ་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། སུའུ་རོང་། ཁྲིན་ཡོན། ལུའུ་ཀྲན་ཀུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲུན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥིན། ཝང་ཆིན་མེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཏེ། ཚོགས་ཆེན་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་དང་ཉིས་བརྒྱ་ཉེར་དགུ་ཡོད་པ་དང་། ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་དོན་གཉིས་ཚོགས་འདུར་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཏུའུ་ཆིན་ལིན་གྱིས་ཚོགས་ཆེན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས། དེའི་རྗེས་སུ་ཚོགས་འདུར་ཞུགས་པའི་མི་ཚང་མས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་དགོང་མོར་ཡུན་ནན་ཁུན་མེན་མེ་འཁོར་ས་ཚིགས་ནས་བྱུང་བའི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཚབས་ཆེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མང་ཚོགས་ལ་མྱ་ངན་ཞུས།

ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་ཕུལ། 
ཡུས་ཀྲིན་ཧྲིན་གྱིས་ཕྱོགས་བརྒྱད་ནས་འདས་པའི་ལོ་གཅིག་གི་མི་དམངས་སྲིད་གྲོས་ཀྱི་བྱ་བ་སྤྱི་བསྡོམས་བྱས། ཁོང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་གསུམ་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་ལས་དོན་རྒྱུན་འཛིན་ཁྲོད་ནས་གསར་གཏོད་བྱས་པ་དང་། གསར་གཏོད་ཁྲོད་ནས་འཕེལ་རྒྱས་སུ་བཏང་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག མི་དམངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་གི་བྱ་བར་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་བློའི་གཞུང་ལུགས་འཛུགས་སྐྲུན་ཐད་ནས་ཕན་འབྲས་གསར་བ་བླངས་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ལ། གྲོས་མོལ་དམངས་གཙོ་ཅན་དུ་གཏོང་བའི་ཐད་ནས་འཕེལ་རིམ་གསར་བ་བླངས་ཤིང་། བྱ་བའི་སྤྱོད་ཚུལ་ལེགས་བཅོས་ཐད་ནས་བརྒལ་གཏོར་གསར་བ་བླངས་ཏེ། སྐབས་འདིའི་སྲིད་གྲོས་བྱ་བའི་མགོ་བཟང་པོ་བརྩམས་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལོ་དང་པོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཡོངས་འགྲུབ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། མི་དམངས་སྲིད་གྲོས་བྱ་བའི་སྤྱིའི་རེ་བ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་བསམ་གཞིགས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་ཡར་སྐུལ་བྱེད་པ། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པ། རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱེད་པ། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་པ། གྲོས་མོལ་དམངས་གཙོ་ཅན་དུ་གཏོང་བ། བྱ་བའི་གསར་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་གསལ་བོར་བཏོན་ཡོད། ང་ཚོས་སྤྱིའི་དམིགས་འབེན་དེ་ལ་དམ་དུ་དམིགས་ཏེ། བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་དེ་འགན་ནུས་ལག་བསྟར་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་སྦྲེལ་བ་དང་། འགན་ནུས་ལག་བསྟར་གྱི་ཐབས་ཤེས་བསྒྱུར་བ་དང་། འགན་ནུས་ལག་བསྟར་གྱི་ནུས་པ་ཇེ་ཆེར་གཏོང་བ། འགན་ནུས་ལག་བསྟར་གྱི་ཕན་འབྲས་ཇེ་མཐོར་གཏོང་བ། འགན་ནུས་ལག་བསྟར་གྱི་ནུས་པ་དེང་རབས་ཅན་དུ་གཏོང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཞེས་ནན་གྱིས་གསུངས།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཧན་ཆི་ཏི་ཡིས་ཚོགས་ཆེན་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བཏོན་པའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་བཅས་ཀྱིས་བསྡོམས་པས་གྲོས་གཞི་སྟོང་ལྔ་དང་བརྒྱད་བརྒྱ་དང་གྱ་བཞི་བཏོན། ཞིབ་བཤེར་བྱས་རྗེས་གྲོས་གཞི་སྟོང་ལྔ་དང་བཞི་བརྒྱ་དང་གསུམ་ཐོ་འགོད་བྱས། གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་ཁ་གཏད་རང་བཞིན་དྲག་པོ་ལྡན། གྲོས་གཞི་བསྒྲུབས་པ་བརྒྱུད་དེ་བསམ་འཆར་དང་གྲོས་གཞི་མང་པོ་དང་ལེན་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་འཕེལ་རྒྱས་འཆར་གཞི། སྡེ་ཁག་གི་བྱ་བ་བཅས་ཀྱི་ཁྲོད་ནས་དངོས་འབེབ་དང་མངོན་མཚོན་བྱས་ཏེ། ཇུས་ཆོད་ཀྱི་ཚན་རིག་ཅན་དང་དམངས་གཙོ་ཅན་ལ་ཡར་སྐུལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་ནུས་པ་བཟང་པོ་བཏོན། དེས་སྐབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་ལག་བསྟར་གྱི་ནུས་པ་དང་ཆུ་ཚད་མངོན་པར་མཚོན་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་བར་དུ། གྲོས་གཞི་སྟོང་ལྔ་དང་སུམ་བརྒྱ་དང་གོ་དྲུག་ལ་ལན་བཏབ་པ་དང་། ལན་བཏབ་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་ལ་བསླེབས།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ད་དུང་། མཱ་ཁའེ་དང་། ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲུན་ལན། སུན་ཀྲིན་ཚའེ། ལིས་ཅན་གོ། ལིས་ཡོན་ཁྲའོ། ཝང་ཡཱང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲུན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཀྲའོ་ཧུང་ཀྲུའུ། ཡཱང་ཅིན། ཝང་ཧྲིན་ཅུན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཨེ་ལེ་ཀུན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཀྲང་པའོ་ཝུན། ཁྲིན་ཀྲུའུ། ཁྲང་ཝན་ཆོན། ཡཱང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་། ཀྲིག་ཆང་། ཚའོ་ཅན་མེན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གདན་དྲངས་པ་ལྟར་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་གདན་དྲངས་པ་ལྟར་ཚོགས་འདུར་ཟུར་ཉན་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50468360
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1