ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་འཐུ
ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/11ལྟ་ཀློག (1714)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་གསུམ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་ཚེས་བཅུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཡུས་ཀྲིན་ཧྲིན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གསར་བ་དང་རེ་བ་གསར་བར་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་ན་ཐོག་མར་བོད་ལྗོངས་བརྟན་འཇགས་སུ་གཏོང་དགོས་པའི་འཐབ་ཇུས་བསམ་བློ་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་ཡུན་རིང་ལ་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་འགུག་པ་དང་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་སྐུ་ཕྲེང་བཅུ་བཞི་བའི་ཏཱ་ལའི་སྡེ་ཚོགས་ཀྱི་དབུ་མའི་ལམ་དང་ཚད་མཐོའི་རང་སྐྱོང་གི་ངོ་བོ་དང་གནོད་འཚེ་གསལ་བོར་ཤེས་པར་བྱེད་དགོས་ལ། དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱས་ནས་ཧུར་ཐག་སྒོས་བོད་ལྗོངས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བ་དང་རྒྱུན་མཐུད་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས་པར་མ་ཟད། བོད་ལྗོངས་ཀྱི་ཡུན་རིང་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ལིག་ཡུན་ཧྲན་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལིག་ཡུན་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཞི་ཅིན་ཕེན་ཨན་ཧོས་འཐུས་ཚབ་པའི་གྲོས་ཞིབ་ལ་ཞུགས་སྐབས་བཏོན་པའི་གཟབ་ནན་གསུམ་དང་དངོས་གཉེར་གསུམ་ནི་ཏང་གི་མགོ་ཁྲིད་པའི་ཚད་གཞི་ཡང་དག་ཅིག་ཡིན་པས་གནས་བབ་གསར་བའི་འོག་ཏུ་ལས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་བརྩི་སྲུང་གལ་ཆེན་ཞིག་འདོན་སྤྲོད་བྱས་པ་རེད། ལས་བྱེད་པར་སྣེ་ཁྲིད་བྱས་ཏེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ་དང་ཕུགས་བསམ་འདུ་ཤེས་དང་དམིགས་འབེན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། དབང་སྤྱོད་ནན་མོ་དང་རང་གཅུན་ནན་མོ་བྱེད་པ་དང་། དོན་དངོས་གཉེར་ཞིང་ལས་སྤེལ་དམ་འཛིན་བྱེད་པའི་མི་བཟང་བོ་ཞིག་བྱེད་དགོས་ཟེར།

ཝང་ཆི་ཧྲན་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཝང་ཆི་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། སྐོར་ཞིབ་བྱ་བ་ནི་ཏང་ནང་གི་ལྟ་རྟོག་ནུས་པར་ཤུགས་སྣོན་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ད་ལོར་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་ལམ་ལུགས་ལེགས་བཅོས་བྱེད་པ་དང་། གནད་ས་བཞི་རྒྱུན་འཁྱོངས་བྱེད་དགོས་ལ་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་པ་དང་། ཆེད་དོན་སྐོར་ཞིབ་བྱ་འགུལ་སྤེལ་ནས་ས་གནས་དང་ལས་ཁུངས། ཁེ་ལས་ལས་དོན་ལས་ཁུངས་བཅས་ལ་རིམ་བཞིན་ཁེབས་པར་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཧེ་ལུང་ཅང་ཞིང་ཆེན་གྱིས་ཀྲུང་དབྱང་གི་རེ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལྟར། འཆར་འགོད་དང་སྲིད་ཇུས། བྱེད་ཐབས་བཅས་སྣ་ཚོགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཧེ་ལུང་ཅང་དེ་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ནས་ཞིང་ལས་ཀྱི་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་དགོས་པ་དང་། མཐའ་མཚམས་གསར་སྤེལ་སྒོ་འབྱེད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས་ཧུར་ཐག་སྒོས་ཧེ་ལུང་ཅང་དེ་རང་རྒྱལ་གྱིས་ཨུ་རུ་སི་དང་ཨེ་ཤ་ཡའི་བྱང་ཤར་དུ་སྒོ་འབྱེད་པའི་སྒྲོག་ཐག་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50471133
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1