ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲང་ཏི་ཅང་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲང་ཏི་ཅང་དང་ལིག་ཡུན་ཧྲན། ཝང་ཆི
ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲང་ཏི་ཅང་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/12ལྟ་ཀློག (1708)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ཀྲང་ཏི་ཅང་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲང་ཏི་ཅང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཧི་པེ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། གྲུབ་ཚུལ་ལེགས་སྒྲིག་དང་བྱེད་སྟངས་བསྒྱུར་བར་བརྟེན་ནས་ཧི་པེ་ཡིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་། མཁའ་དབུགས་བཙོག་བཟོ་བཅོས་སྐྱོང་གི་ཕྱིར་ལྡོག་ནང་རྐྱེན་ལ་བརྟེན་ནས་མང་དྲགས་ཐོན་ནུས་ཀྱི་འགལ་བ་ཞི་འཇགས་སུ་གཏོང་བ་དང་ཐོན་ལས་གཅིག་བསྡུ་བྱེད་ཚད་ཇེ་ཆེར་གཏོང་དགོས་པར་མ་ཟད། སྲོལ་རྒྱུན་ཐོན་ལས་ཀྱི་རིམ་པ་མྱུར་དུ་ཇེ་མཐོར་གཏོང་དགོས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས། སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་རྨང་གཞིའི་སྟེང་གྲངས་ཀའི་འཕར་ཚད་གསར་བ་མངོན་འགྱུར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལིག་ཡུན་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། གཞི་རིམ་ནི་བྱ་བ་ཡོད་ཚད་ཀྱི་རྨང་གཞི་ཡིན་པས། བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་དངོས་འབེབས་བྱེད་སྐབས་ངེས་པར་དུ་གཞི་རིམ་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་རྨང་གཞིའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་བསྐོ་འཇོག་བྱ་བ་བཟང་བོར་བསྒྲུབ་ནས་གཞི་རིམ་གྱི་རྨང་གཞིའི་ནུས་པ་ཇེ་ཆེར་གཏོང་དགོས། གཞི་རིམ་གྱི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གཞི་རིམ་ལ་སྔར་ལས་མང་བའི་ཐོན་ཁུངས་དང་ཞབས་ཕྱི་འདོན་སྤྲོད་བྱས་ནས་ཕན་པ་ཡོད་པའི་དོན་དག་གང་མང་སྒྲུབ་དགོས་ཟེར།

ཝང་ཆི་ཧྲན་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཝང་ཆི་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་སྟེང་གི་ལྟ་རྟོག་ལ་ངེས་པར་དུ་གཟབ་ནན་བྱེད་དགོས་པ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་སྐབས་ངེས་པར་དུ་ནན་ཏན་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་རྟོག་ཁང་བཙུགས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ལས་བྱེད་པས་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ལྟ་རྟོག་ནུས་པར་ཤུགས་སྣོན་པ་དང་། སྒྲིག་ལམ་དམ་ཞིང་བྱང་ཚད་མཐོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད་ཟེར།

ཀྲང་ཀའོ་ལིས་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲང་ཀའོ་ལིས་ཀྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཧུའུ་ནན་ཞིང་ཆེན་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་དབུས་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་ཐབས་ཇུས་གསར་བ་ལག་བསྟར་བཟང་བོ་བྱས་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མཁའ་དབུགས་དང་ཆུ། ས་ཞིང་སོགས་ཀྱི་བཙོག་བཟོ་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད། རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་བཏང་ནས་ཁྲང་ཀྲུའུ་ཐན་གྲོང་ཁྱེར་གྱི་ཚོགས་འཕེལ་རྒྱས་སུ་གཏོང་དགོས་ཟེར། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50468999
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1