ལིས་ཁི་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ཀྱིས་གྲོས་མོལ་མཛད་དེ་མི་དམངས་ཤོག་སྒོར་དང་ནེའུ་ཙི་ལན་གྱི་སྒོར་མོ་གཉིས་ཐད་ཀར་བརྗེ་རེས་བྱེད་ཆོག་པ་ཁྱབ་བསྒྲགས་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ལིས་ཁི་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ཀྱིས་གྲོས་མོལ་མཛད་དེ
ལིས་ཁི་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ཀྱིས་གྲོས་མོལ་མཛད་དེ་མི་དམངས་ཤོག་སྒོར་དང་ནེའུ་ཙི་ལན་གྱི་སྒོར་མོ་གཉིས་ཐད་ཀར་བརྗེ་རེས་བྱེད་ཆོག་པ་ཁྱབ་བསྒྲགས་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/19ལྟ་ཀློག (1725)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་བྱ་བའི་འཚམས་འདྲིར་ཡོང་བའི་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མཛད་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མི་དམངས་ཤོག་སྒོར་དང་ནེའུ་ཙི་ལན་གྱི་སྒོར་མོ་གཉིས་ཐད་ཀར་བརྗེ་རེས་བྱེད་པའི་ཁྱབ་སྒྲོག་མཛད་སྒོར་ཞུགས་པའི་ཚུལ་རེད། 
 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་བྱ་བའི་འཚམས་འདྲིར་ཡོང་བའི་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་གཉིས་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་མུ་མཐུད་དུ་གཞིར་བཟུང་སྟེ། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་ཇེ་དམ་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཙུང་ལི་ཡོ་ཧན་ཅི་ཐེངས་འདིར་ཀྲུང་གོར་ཡོང་སྟེ། ང་ཚོས་མཉམ་དུ་མི་དམངས་ཤོག་སྒོར་དང་ནེའུ་ཙི་ལན་གྱི་སྒོར་མོ་གཉིས་ཐད་ཀར་བརྗེ་རེས་བྱེད་ཆོག་པ་ཁྱབ་བསྒྲགས་བྱས་པས། དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཙོ་ཡིན་པའི་མ་རྩ་ཇེ་དམར་གཏོང་བར་ཕན་པ་ཡོད་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད་པས། དོན་དག་དེ་བཟང་བོར་སྒྲུབ་དགོས་པར་མ་ཟད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་དངུལ་ལོར་ལས་ཁུངས་ཀྱིས་ནེའུ་ཙི་ལན་ནས་ཡན་ལག་དངུལ་ཁང་འཛུགས་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། ནེའུ་ཙི་ལན་གྱི་ཁེ་ལས་ཀྱིས་མི་དམངས་ཤོག་སྒོར་བཀོལ་སྤྱོད་བྱེད་པར་ཧུར་ཐག་སྒོས་མཚམས་སྦྱོར་བྱས་ནས། ཕྱོགས་གཉིས་ཀྱི་དངུལ་ལོར་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

ཡོ་ཧན་ཅི་ཡིས་བཤད་རྒྱུར། ནེའུ་ཙི་ལན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཇེ་དམ་དུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ནེའུ་ཙི་ལན་གྱི་སྒོར་མོ་དང་མི་དམངས་ཤོག་སྒོར་གཉིས་ཐད་ཀར་བརྗེ་རེས་བྱེད་པའི་ཐད་ཀྱི་བྱ་བ་བཟང་བོར་སྒྲུབ་རྒྱུ་མ་ཟད། གོ་སྐབས་དེ་དང་བསྟུན་ནས། ཉོ་ཚོང་དང་དངུལ་གཏོང་། དངུལ་ལོར། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མི་དམངས་ཤོག་སྒོར་དང་ནེའུ་ཙི་ལན་གྱི་སྒོར་མོ་གཉིས་ཐད་ཀར་བརྗེ་རེས་བྱེད་པའི་ཁྱབ་སྒྲོག་མཛད་སྒོར་ཞུགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50490221
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1