ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཇར་མན་པེ་ཝེ་ཀྲིག་ན་ཡོད་པའི་ཏུའུ་དབྱི་སི་པའོ་གྲུ་ཁར་གཟིགས་ཞིབ་མཛད་པ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་འཇར་མན་ནུབ་ཕྱོགས་ཀྱི་པེ་ཝེ་ཀྲིག་ན་ཡོད་པའི་ཏུའུ་དབྱི་སི་གྲུ་ཁར་གཟིགས་ཞིབ་མཛད་དེ། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
ཞི་ཅིན་ཕེན་ཏུའུ་དབྱི་སི་པའོ་གྲོང་ཁྱེར་ལ་ཕེབས་མ་ཐག་ཏུ། པེ་ཝེ་ཀྲིག་གི་ཀྲིག་ཀྲང་ཁི་ལ་ཧྥུའུ་ཐི་དང་ཏུའུ་དབྱི་སི་པའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ལིན་ཁི་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས། འཇར་མན་སྲིད་གཞུང་གི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཅ་པུའུ་ལི་ཨར་གྱིས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དར་གསོ་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་ནི་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་སུ་འགྲོ་བའི་འདུ་ཤེས་རྒྱུན་འཛིན་བྱས་ནས། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་ཚོང་ར་དང་འབྲེལ་འདྲིས་བྱས་ཏེ། གནའ་བའི་དར་གོས་ཚོང་ལམ་ལ་དུས་རབས་གསར་བའི་ནང་དོན་ལྡན་པར་བྱེད་པ་དང་དར་གོས་ཚོང་ལམ་འགྲམ་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན། ཀྲུང་གོ་དང་འཇར་མན་གཉིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་སྣེ་གཉིས་སུ་ཆགས་ཡོད་ལ། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཚོགས་པ་ཆེན་པོ་གཉིས་ཡིན་པར་མ་ཟད། ཁྲུན་ཆིན་ནས་ཞིན་ཅང་དང་ཡོ་རོབ་གླིང་བར་གྱི་ལྕགས་ལམ་གྱི་མགོ་རྔ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།
|