རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འད
རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/4ལྟ་ཀློག (1710)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། «དམངས་ཡོངས་ཀྱི་བདེ་ཐང་སྲོལ་ཡིག»ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས་རྒྱལ་དམངས་ཀྱི་ལུས་ཕུང་བྱང་ཚད་ཇེ་ཆེར་གཏོང་བའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིག་ཅིན་མེན་དང་ཡོ་མེན། པེ་དབྱིན་སུང་སོགས་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་དམངས་ཡོངས་ཀྱི་བདེ་ཐང་སྲོལ་ཡིག་ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་དང་ལྷག་པར་དུ་དམངས་ཡོངས་ཀྱི་བདེ་ཐང་སྤྱི་བའི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་དང་ལུས་རྩལ་ལས་དོན་བཅོས་སྒྱུར་གསར་སྐྲུན། ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན་པ་དང་ཉམས་མྱོང་བརྗེ་རེས་བྱས། ཡུས་ཀྲིན་ཧྲིན་གྱིས་ཨུ་ཡོན་རྣམས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་ཞོར་དུ་ཟིན་བྲིས་བཀོད་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལིག་ཕིན་གྱིས་དམངས་ཡོངས་ཀྱི་བདེ་ཐང་སྲོལ་ཡིག་ལག་བསྟར་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། སློབ་གསོ་པུའུ་དང་ནོར་སྲིད་པུའུ། སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱི་འགན་འཁུར་བ་དང་ཨུ་ཡོན་རྣམས་ཀྱིས་མཉམ་དུ་གྲོས་མོལ་དང་བརྗེ་རེས་བྱས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50468999
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1