བུ་མོ་ཁྱོད་བོད་མོ་ཞིག་ཡིན་ན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »བུ་མོ་ཁྱོད་བོད་མོ་ཞིག་ཡིན་ན།
བུ་མོ་ཁྱོད་བོད་མོ་ཞིག་ཡིན་ན།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/4ལྟ་ཀློག (1719)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བུ་མོ་ཁྱོད་བོད་མོ་ཞིག་ཡིན་ན། 
                         ནས།༼རྨ་ཆུ༽ 
སེམས་པ་དུང་དུང་གི་འཕྲིན་ཞིག་བྲི་ཆོག། 
སྙིང་གཏམ་ལྷུག་ལྷུག་གི་གཏམ་ཞིག་ལབ་ཆོག། 
ཞེ་སེམས་མཐུན་ཙམ་གྱིས་ཁྱེད་ལ་རྩེད་ཆོག།
 ཆོག་ཆོག་དུང་དུང་ཞིག་ཁྱེད་ལ་བརྗོད་ཆོག།
 ཁྱོད་ཉིད་བོད་མོ་ཞིག་ཡིན་ན་འདོད་ཡོད། 

གངས་རི་རྫ་རི་ལ་ཁྲིད་ནས་རྩེད་ཆོག།
 སྤང་རི་སྤང་ཐང་ལ་བརྒལ་ནས་སྦེད་ཆོག།
 དུང་སེམས་འདྲེས་ཙམ་གྱིས་ལག་རྡང་སྦྲེལ་ཆོག། 
ཆོག་ཆོག་དུང་དུང་གི་མཐུན་སེམས་གླེང་ཆོག། 
ཁྱོད་ཉིད་བོད་མོ་ཞིག་ཡིན་ན་ཅི་སྐྱོན།། 

སྦྲ་གུར་རུས་གུར་ནས་སྙིང་གཏམ་གླེང་ཆོག། 
མཆོན་མེའི་གྲིབ་གཟུགས་ནས་འཁྲབ་སྟོན་བྱེད་ཆོག།
 སྒོ་ཁྱིའི་ཟུག་སྐད་ནས་བརྡ་ཙམ་སྟོན་ཆོག།
 ཆོག་ཆོག་དུང་དུང་གི་སྙིང་སྡུག་ཟེར་ཆོག། 
ཁྱོད་ཉིད་བོད་མོ་ཞིག་ཡིན་ན་བསམ་གི། 

དབྱར་གཞུང་སྤང་ཐང་ནས་མེ་ཏོག་བཏོག་ཆོག། 
བཏོག་བཏོག་མེ་ཏོག་དེ་མགུལ་རྒྱན་བྱས་ཆོག། 
མགུན་རྒྱན་རྒྱུན་ཐག་ནས་འོ་ཞིག་སྐུར་ཆོག། 
ཆོག་ཆོག་དུང་དུང་གི་གླུ་ཞིག་ལེན་ཆོག། 
ཁྱོད་ཉིད་བོད་མོ་ཞིག་ཡིན་ན་འགྲིག་འདུག། 

དགུན་ཟླའི་ཁ་བའི་ཁྲོད་ཁྱོད་ལ་བལྟས་ཆོག། 
ཁ་བའི་འདབ་མ་ལ་སྙིང་གཏམ་བསྐུར་ཆོག། 
གཏམ་གྱི་མཁུར་ཚོས་སུ་གསང་བ་སྦས་ཆོག། 
ཆོག་ཆོག་དུང་དུང་གི་ཚིག་རྐང་བསྒྲིགས་ཆོག། 
ཁྱོད་ཉིད་བོད་མོ་ཞིག་ན་ཡིན་ན་བསམ་བྱུང་།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484222
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1