ཞི་ཅིན་ཕེན་གྱིས་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཞི་ཅིན་ཕེན་གྱིས་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་ག
ཞི་ཅིན་ཕེན་གྱིས་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/9ལྟ་ཀློག (1647)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡའི་ཙུང་ལི་ཀིན་ཀི་པུའུ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ན་སྨི་པི་ཡ་ནི་ཀྲུང་གོའི་གྲོགས་པོ་རྙིང་བ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པས་བསྐྲུན་པའི་ཀྲུང་གོ་དང་ན་སྨི་པི་ཡ་བར་གྱི་སྲོལ་རྒྱུན་མཛའ་བཤེས་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་གཅེས་ནོར་ཡིན། ང་ཚོས་མུ་མཐུད་དུ་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་ཇེ་མཐོར་གཏོང་དགོས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་འགྲོ་འོང་དང་གྲོས་མོལ་ལ་ཤུགས་སྣོན་དགོས་པ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་ཞིང་སྙན་གྲགས་ཆེ་བའི་ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་སོང་ནས་གཏེར་ལས་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གསར་བཟོ་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ལས་གཞི་ཆེན་པོ་འཛུགས་སྐྲུན་བཟང་བོ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཀིན་ཀི་པུའུ་ཡིས་བཤད་རྒྱུར། ཀྲུང་གོས་དུན་ཡུན་རིང་བོར་ན་སྨི་པི་ཡར་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པ་དང་། ཀྲུང་གོ་ནི་ན་སྨི་པི་ཡའི་གྲོགས་པོ་རྙིང་བ་དང་གྲོགས་པོ་བཟང་བོ་ཡིན། ན་སྨི་པི་ཡས་ཧུར་ཐག་སྒོས་རྒྱབ་ཁབ་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། ང་ཚོས་ཀྲུང་གོར་རེ་བ་ཆེན་པོ་བཅངས་ཡོད་པ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་གཏོང་བར་ཆ་རྐྱེན་བཟང་བོ་བསྐྲུན་འདོད་ཡོད་ཟེར། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48605012
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1