ལིས་ཁི་ཆང་གིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐེ་ཡུན་མེར་ལ་མཇལ་འཕྲད་གནང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ལིས་ཁི་ཆང་གིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐེ་ཡུན་མེར་ལ
ལིས་ཁི་ཆང་གིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐེ་ཡུན་མེར་ལ་མཇལ་འཕྲད་གནང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/15ལྟ་ཀློག (1685)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

ཚེས་བཅུ་བཞིའི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐེ་ཡུན་མེར་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞིའི་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐེ་ཡུན་མེར་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་འཇར་མན་ལ་ཕུན་སུམ་ཚོགས་པའི་འཚམས་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བར་ལ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས། བདག་གིས་ད་ལོར་འཇར་མན་ལ་འཚམས་འདྲི་བྱས་ནས་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་སྐོར་ཐེངས་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ཚོགས་འདིར་མགོ་འཛིན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་ཀྱི་ཡུན་རིང་མཉམ་ལས་འཆར་འགོད་རྩ་གནད་ལ་ནན་ཏན་གྱིས་འཆར་འགོད་བྱེད་པ་དང་། གསར་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་མུ་མཐུད་དུ་ཆུ་ཚད་མཐོན་པོ་ཞིག་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར། 

ལིས་ཁི་ཆང་གིས་བསྟན་དོན། འཇར་མན་རྒྱལ་ཁབ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད་འཛམ་གླིང་ཡོངས་ལ་ཆེས་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་ཕན་ཚུན་ལ་མཐུན་སྦྱོར་དང་གཞོགས་འདེག་བྱེད་པར་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་སྟེང་ནས་ཕན་ཚུན་བར་གྱི་གྲོས་མོལ་བརྒྱུད་དེ་འགལ་བ་དང་རྩོད་པ་ཐག་གཅོད་བྱེད་པའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་གི་ཕྱོགས་ནས་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྲོ་བར་རྒྱབ་སྐྱོར་བྱས་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་དང་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཧྲི་ཐེ་ཡུན་མེར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་ལ་ཁྱབ་ཆེ་བའི་ཐུན་མོང་ཁེ་ཕན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་ཕུན་སུམ་ཚོགས་ལ་མདུན་ལྗོངས་ཧ་ཅང་རྒྱ་ཆེ། འཇར་མན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་བརྗེ་རེས་དང་དཔེ་སྟོན་ལ་ཤུགས་སྣོན་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཙུང་ལི་ལིས་ཁི་ཆང་གིས་ད་ལོར་འཇར་མན་ལ་འཚམས་འདྲི་བྱས་ཏེ་སྲིད་གཞུང་བར་གྱི་གྲོས་མོལ་བརྒྱུད་ནས་ཕྱོགས་གཉིས་བར་གྱི་འཐབ་ཇུས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmfs བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50464750
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1