ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མནའ་འབྲེལ་ཏང་གི་ཀྲུའུ་ཞི་ཁའོ་ཏི་ཨར་ཚོགས་གཙོ་ཡིན་པའི་འཇར་མན་མནའ་འབྲེལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མནའ་འབྲེལ་ཏང་གི་ཀྲུའུ་ཞི་ཁའོ་ཏི་ཨར་ཚོགས་གཙོ་ཡིན་པའི་འཇར་མན་མནའ་འབྲེལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་འཇར་མན་རྒྱལ་ཁབ་ལ་ཕུན་སུམ་ཚོགས་པའི་འཚམས་འདྲི་མཛད་དེ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོགས་པོར་མཐོར་འདེགས་སུ་གཏོང་རྒྱུ་གཏན་འཁེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས། ཏང་གཉིས་བར་གྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་མནའ་འབྲེལ་ཏང་བར་གྱི་མཛའ་མཐུན་འབྲེལ་བ་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་གསར་སྐྲུན་སྒོ་འབྱེད་ཀྱི་བསམ་ཕྱོགས་ལ་ཡར་སྐུལ་བཏང་ནས་ཕན་ཚུན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་དང་ཆབ་སྲིད་ཡིས་ཆེས་ལ་སྐུལ་འདེད་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།
ཁའོ་ཏི་ཨར་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན་ལ། མནའ་འབྲེལ་ཏང་གིས་ཏང་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།