༄༅། །སོར་བཅུའི་སྟངས་སྟབས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །སོར་བཅུའི་སྟངས་སྟབས།
༄༅། །སོར་བཅུའི་སྟངས་སྟབས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/17ལྟ་ཀློག (1697)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                             མིག་བརྩེ་རུད། རྨ་ལྷོ།

སང་སིང་དབྱར་གྱི་རྔ་སྒྲ་དགོང་ནས་གྲགས།།
མྱུག་ཚོམ་དགའ་བའི་འཛུམ་བརྒྱ་ལྷུག་པར་གྲོལ།།
རྐང་འཐུང་རེ་བའི་སྨོན་པ་མངོན་གྱུར་པས།།
དབྱིག་འཛིན་བུ་མོའི་འཇོ་སྒེག་སྟངས་སྟབས་ངོམས།།

གསལ་གསལ་ཆུ་ཤེལ་དུང་ཟླ་མཁའ་ནས་འཛུམ།།
ཆུ་སྐྱེས་ཀུ་མུད་དགའ་བའི་འཛུམ་བརྒྱ་གྲོལ།།
རྒྱུ་སྐར་སྟོང་གི་མགོན་པོ་བྱོན་གྱུར་པས།།
ཀུན་གསལ་གྲོང་གི་མཚར་སྡུག་བརྗོད་དུ་མེད།།

ལྷང་ལྷང་ཁུ་བྱུག་གྲེ་འགྱུར་ལྷོ་ནས་གྲགས།།
མགོ་ནག་དགའ་ཞིང་སྐྱིད་པའི་གར་དུ་རྩེན།།
འབྲས་ལྡན་དུས་ལ་སྨོན་པ་མངོན་གྱུར་པས།།
དཔྱིད་དཔལ་བུ་མོ་གནས་ཡུལ་འགྲིམ་པར་སྩལ།།

སོར་བཅུའི་སྟངས་སྟབས་ཤོག་བུའི་གྲོང་དུ་མངོན།།
ཆགས་སྡང་དགའ་སྐྱོ་བརྩེ་བའི་འཕྲིན་དུ་གསལ།།
ཉིན་རེའི་སེམས་ཚོར་ཀུན་ལ་བཤམས་ཡོད་པས།།
ཐ་གྲལ་བུ་ལོར་གསང་བ་ཡོད་མ་མཆིས།།


                          ༢༠༡༤/༢/༤



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465792
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1