གས་སྲུབས་སུ་ཅེར་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གས་སྲུབས་སུ་ཅེར་བ།
གས་སྲུབས་སུ་ཅེར་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/26ལྟ་ཀློག (1635)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                       ལྡོག་འཆར།
སྤྲིན་པ་ལང་ལོང་ཆུ་སྙིང་ཅན་ཞིག་དལ་གྱིས་ང་ཡི་སྙིང་ལ་ལྷུང་།།
འབྲུག་སྒྲ་ལྡིར་ལྡིར་སྙན་མ་གཟན་ཞིག་ཤེད་ཀྱིས་བདག་གི་རྣ་བར་འཛུལ།།
སེར་བ་ཧྲག་ཧྲག་སྤང་ལ་གཏོར་སོང་རྩྭ་ལྡུམ་དྲི་དག་སྣ་ལ་ཕོག།
དེ་འདི་མེད་པའི་སེམས་ཁམས་ཤིག་གིས་མིད་པ་བརྣངས་ནས་སྨྲ་བ་ལྐུགས།།

སྙིང་ལ་གནས་པའི་ཁྲག་གི་མཚོ་མོ་ཆུ་ཡི་གཟུགས་ཀྱིས་ཕྱི་ལ་བབས།།
མིག་གི་རྒྱལ་མོའི་སྨུག་མདངས་ཡལ་ཏེ་ཕྱི་རོལ་སྣང་བ་རབ་རིབ་གྱུར།།
ཆུ་རྒྱུས་ཡལ་གའི་རྐྱོང་སྐུམ་བོར་ནས་ཀེར་སེ་འགྲེང་བའི་ན་ཟུག་ལྕི།།
ཕྱི་ནང་སྣོད་ཀྱི་ལོངས་སྤྱོད་དག་ཀྱང་དལ་མོར་སྣང་བའི་ཡུལ་དུ་སིམས།།

ཚོགས་དྲུག་གསེར་གྱི་བུམ་བཟང་སྣོད་ཀྱི་བདུད་རྩིའི་དྲི་བསུང་ཡལ་ཞིང་སྐམ།།
རྡུལ་གྱི་ཕུང་བོ་རྡུལ་དུ་ཟེགས་པ་འཇིག་རྟེན་ཆོས་ཀྱི་ངོ་བོ་ཉིད།།
དབུགས་ཀྱི་རླངས་པ་མཁའ་ལ་ཤོར་ཞིང་མཁའ་ཡི་སྐར་ཚོགས་གྲང་འདར་རྒྱག།
ལུས་སུ་མནབས་པའི་ཁྲ་ཁྲའི་འཇིག་རྟེན་རྙིང་གོག་དེ་ཡང་སྤྲུགས་རན་རེད།།

ང་ལ་ཅེར་ཏེ་མཆི་མ་མ་གཏོང་རྒྱུ་སྐར་ཚོགས་ལ་ངུ་སྙིང་སློང་།།
ཕྱིར་དྲན་ཀློང་ལ་འཕོ་ཉུལ་མ་བྱེད་འཇིག་རྟེན་སྟོང་བའི་སྣང་བ་སྐྱེ།།
ཕྱིས་ཀྱི་ལམ་ལ་ཡིད་ཚོད་མ་གནང་འཇིགས་པའི་སེམས་ཤིག་འབྱུང་བར་ངེས།།
ཕྱི་རོལ་ཆོས་ཉིད་ཡིད་ལ་སྒོམ་དང་ཡང་དག་སྟོན་པས་ལན་ཞིག་ཡོད།།

མ་དག་ལས་ཀྱི་སྒྲིབ་ཡོལ་མ་རེད་དུས་མདའ་བགྲོད་པའི་གོམ་སྒྲ་གསལ།།
བཙན་སྐུལ་སྦྱོར་བའི་དུག་གསུམ་མ་རེད་འཇའ་ཡི་ལུས་པོ་ཡལ་བ་ཙམ།།
ཁེར་བུར་རྡོག་སྒྲ་རྣ་ལ་མི་འཁོར་མི་ཚོགས་དེ་རུ་འཚང་ཁ་རྒྱག།
དལ་མོར་བཞུད་དང་བདེ་མོའི་ལག་བརྡ་མིག་ལ་མ་ཐོགས་གྱེས་པར་རྩོམ།།
                                  ༢༠/༡༢/༡༨ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48602862
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1