གྲོགས་པོས་ཁ་བརྡ་ལས་རྙེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གྲོགས་པོས་ཁ་བརྡ་ལས་རྙེད།
གྲོགས་པོས་ཁ་བརྡ་ལས་རྙེད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/5/4ལྟ་ཀློག (1603)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                             རྨ་ཁེར་ཉལ།

                བར་གི་འདྲེ།  


རྫི་གྲོགས་བུ་མོས་ལག་བརྡ་བརྒྱབ་ཀྱང་། །

ཁྱིམ་མཚེའུ་རྒན་མོ་བཤད་ལ་དགའ་བས། །

ཁོ་མོའི་ཕ་མར་ལྐོག་བརྡ་བརྒྱབ་པས། ། 

འཕྲད་པའི་གོ་སྐབས་གཡེན་གྱིས་བཅད་སོང་། །


               ངའི་ཕ་ཡུལ།

བསྣོམ་སའི་མཁའ་དབུག་གཙང་ཞིང་། །

ལྟ་སའི་མེ་ཏོག་མཛེས་པ། །

གཏུང་བའི་ཆུ་བོ་དྭངས་པ། ། 

ཐུ་བྷོད་རུ་བའི་སྐྱིད་རེད། །


              ཇག་གླུ།  

སེམས་ཀྱི་མདའ་མོ་དགྲ་བོར་གཏད་ཅིང་། ། 

རྩིབ་སྡོད་ཞི་ལི་རྡར་མ་ཡིན་པས། །

ཨ་ཁ་ཨ་བོ་ངག་ནས་ཤོར་བའི། ། 

དམིགས་འབེན་དགྲ་བོའི་དོགས་ཟོན་བྱས་སོང་། །


                              སྟོང་གཏམ།  

རྒན་འཆད་མཁས་ལག་ཞའི་སྣང་བརྙན་ལས། །

རྫ་འབྲོང་གཡག་དར་མའི་སྤོབས་ཉམས་ཡག །
དེང་བླ་བོར་སློབ་བུས་རྙོག་བཤད་ལས།། 

འབྲོག་ནོར་རྫི་རྒན་པོའི་སྣ་གླུ་ཡག །



        དགེ་འདུན་ཆོས་འཕེལ།     


ཡུལ་སྡེའི་རིགས་ལ་བརྩེ་དུངས་ཟབ་པས།།

རིགས་ཞེན་གཏམ་ཆར་སྙིང་ནས་བརྡོལ་ཀྱང་།།

མགོ་ཐོག་དཔོན་པོར་རྙིང་ཞེན་ཆེ་བས།།

གཅེས་པའི་ལུས་པོ་ཁྲིམས་ལ་སྦྱར་དེ།།

བྲིས་པའི་ཡིག་ཚགས་མེ་ལ་སྦར་བས།།

མི་ཚེའི་རྔུལ་ཆུ་འདི་ལྟར་སྐམ་སོང་།།

རང་རིགས་འཕོང་བའི་སེམས་པ་ནག་པོ།།

རང་སྡེ་འཆའ་པའི་གཤེད་མ་དམར་པོ།།

རང་ཅག་ཁ་བའི་ལོ་རྒྱུས་བཙོག་པོ།།

རང་ཁར་དམིགས་པའི་དཔོན་པོས་བྲིས་སོ།།

                                2009-2-22


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48597692
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1