草原梦想欢迎你! |
དེ་རིང་ནི་སྤྱི་ལོ
2025
ལོའི་ཟླ
5
ཚེས
12
རེས་གཟའ་ཟླ་བ་ཡིན། |
དྲ་གནས་ཉར་ཚགས། གཙོ་ངོས་སུ་འགོད་པ། ནང་འཇུག
|
 |
|
|
|
ཐང་ཤིང་སྐྱ་བོ། | རྩོམ་སྒྲིག་པ། གསང་བདག | སྤེལ་དུས། 2014/5/7 | ལྟ་ཀློག (1563) | རྩོམ་ཁུངས: ངེད་དྲ་བ། | པར་འདེབ། |
|
རྨ་ཁེར་ཉལ།
ལས་དབང་གི་ཕ་མས༎
བཀའ་དྲིན་གྱིས་བསྐྱངས་པའི༎
ཁྱད་འཕགས་ཀྱི་ལུས་པོ༎
བདག་སྐྱོང་རང་མ་ཐུབ༎
ལས་དབང་གི་རྩེད་ར༎
ཆར་ཆུ་ཡི་འཇིགས་སོང་༎
སྤྲོ་སྣང་གི་མི་ཚེ༎
མིག་ཆུ་ལ་འཐུམས་སོང་༎
ལས་དབང་གི་རླུང་རྟ༎
ཁ་བ་ཡིས་མནན་སོང་༎
སེམས་གཏིང་གི་ཡི་གེ༎
འདོན་མཁན་དེ་མ་བྱུང་༎
ལས་དབང་གི་བརྩེ་རོགས༎
ལས་དབང་གིས་བྲལ་སོང་༎
སླད་མེད་ཀྱི་དུང་བ༎
རྨི་ལམ་དུ་གྱུར་སོང་༎
ལས་དབང་གི་ལུ་གུ༎
སྤང་ཐང་ནས་འཚོ་དུས༎
ངེད་གཉིས་ཀྱི་སྙིང་གཏམ༎
ཁུ་བྱུག་གི་མགྲིན་དབྱངས༎
ལས་དབང་གི་ལ་གཞས༎
རང་མལ་ནས་ལེན་དུས༎
ཕྱིར་དྲན་གྱི་བུ་མོ༎
དེང་མ་ནས་བུད་སོང་༎
ཧྲུག་ཆད་ཀྱི་སྐུད་པ༎
ཁ་པར་ལས་མཐུད་ཀྱང་༎
བར་སྲུབས་ཀྱི་གསང་བ༎
ཇེ་གསང་ནས་ཇེ་གསང་༎
ལས་དབང་གི་ལྷ་སྐལ༎
གཟིམས་ཤག་ལས་མ་བཞེངས༎
རུས་མེད་ཀྱི་སྤྱན་གཟིགས༎
སང་ཉིན་ལ་སྒུག་དགོས༎
|
| |
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
|
|
འདྲེན་བཀོལ: |
|
|
དཔྱད་གཏམ (
0
)ཡོད། |
|
|
|
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་། |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|