དམྱལ་བའི་འགྲུལ་བཞུད།
ཧ་སྲས་སྤྲིན་ཆར
འོད་ཀྱིས་བྲིས་བའི་རི་མོ་དམར་བོ་ཞིག
འགྲུལ་བཞུད་པའི་ལམ་ཁ་ལ་སྣང་བྱུང
གྲོང་ཁྱེར་དང་འུར་སྒྲ་མེད་པའི་འགྲུལ་བཞུད་ཞིག
གཏན་དུ་བདེ་བར་སྣང་བའི་ཕོ་བྲང་གི་རྒྱུུགས་ཁྱི་མང་དུ་སྣང
ཁོ་བོ་དག་ངའི་སྐྱེ་བ་སྔོན་མའི་གྲོགས་རེད
དེ་རིང་འགྲུལ་བཞུད་ཁྲོད
ཁྲོ་གཉེར་ལྡན་པའི་རྒྱལ་ཁབ་དེའི་བདག་པོ
ལྕགས་ཐག་གི་སྣེན་ངུ་བཞིན་འདུག
གཟེབ་ནང་ན་སྐྱོ་བཞིན་འདུག
ཀྱེ་མ
འདི་ནི་གོ་མ་མྱོང་བའི་དམྱལ་བ་རེད
འདི་ནི་མཐོང་མ་མྱོང་བའི་དམྱལ་བ་རེད
ལུས་བོ་མེ་ལ་སྒྲོན་མཁན་མང་དུ་གྲགས
༢༠༡༤ ༥ ༧ཉིན
|