ཆག་གྲུམ་ཤོར་བའི་སེམས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཆག་གྲུམ་ཤོར་བའི་སེམས་པ།
ཆག་གྲུམ་ཤོར་བའི་སེམས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/5/20ལྟ་ཀློག (1723)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                བེ་མིག་གམ་མིག་བརྩེ་རུད་ནས།

ཚེ་འདིར་སྣང་ཤས་མ་ལོག་ཡིད་རེ་རྨོངས།།
གཏན་གྱི་མདུན་མ་མ་རྙེད་ཨ་ཐང་ཆད།།
དྲིན་མའི་ནུ་རིན་མ་མཇལ་ཡིད་རེ་མུག།
གྲོགས་ཀྱི་ཕྱི་ཐག་མ་བརྟན་རེ་ཐག་ཆད།།

སྒྲོལ་མའི་གསེར་ཞལ་མ་མཇལ་ཡིད་སེམས་སྐྱོ།།
འཕྲིན་གྱི་ཕོ་ཉ་མ་སླེབས་སེམས་པ་སྡུག།
བརྩེ་དུང་འདབ་བརྒྱ་མ་གྲོལ་ཞེ་སེམས་རྨོངས།།
དུང་སེམས་ཟླ་བ་འགྲིབ་པའི་མཆི་མ་འཐོར།།

འཇིག་རྟེན་སྒྱུ་མར་མ་རྟོགས་མགོ་བོ་རྨོངས།།
སྐྱེ་འཆི་མི་རྟག་མ་རྟོགས་ཕྱི་བཤོལ་གདའ།།
རང་ལུས་བདག་ཏུ་འཁྲུལ་བའི་སེམས་པ་འཁྲུལ།།
དོན་དམ་བདེ་བ་མ་ཤེས་སྙིང་རེ་རྗེ།།

དམར་ཆུང་སེམས་པ་མགྱོགས་པོ་བཤོག་ཐོག་རེད།།
དམར་ཆུང་སེམས་པ་དབྱར་ཁའི་གནམ་ངོ་རེད།།
དམར་ཆུང་སེམས་པ་གློག་དམར་སྐད་ཅིག་རེད།།
སེམས་པ་ཆག་གྲུམ་ཤོར་བ་ཆོས་ཉིད་རེད།།
                            ༢༠༡༤/༤/༢ཉིན་བསང་འགྲམ་ནས་ཐོལ་བྱུང་དུ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50490221
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1