རྨ་ཁེར་ཉལ།
ལུས་པོ་སྤང་ལ་བསྙེས་ཏེ།།
ཕན་ཚུན་མེ་རུ་སྦར་ཚུལ༎
རི་མོའི་འགྲེལ་ཐབས་མེད་ཀྱང་༎
སེམས་ལ་གཤོག་པ་ཐོགས་ནས༎
སྤང་ལ་འཕུར་ནས་བུད་ཐལ༎
མགོ་བོ་སྔས་ལ་བཞག་ཏེ༎
རྨི་ལམ་གྲོང་ལ་ཐོན་དུས༎
སད་དང་བསེར་བུས་བཅོམས་པའི༎
ལོ་མ་ནད་པ་ཞིག་གིས༎
ང་ལ་ཁམས་འདྲིས་གནང་བྱུང་༎
སེམས་པ་རྒོད་ལ་ཤོར་ནས༎
གནའ་ཤུལ་ཉུལ་ནས་འགྲོ་དུས༎
འབྲོག་ཁྱི་ལ་བོ་ཞིག་གིས༎
བདག་པོ་ཁྱིམ་ན་བཞུགས་འདུག།
ཚུར་ལ་མ་ཡོང་ཟེར་གི།
2011-5-6
|