ཁ་ཐིག་མེད་པའི་མཛའ་བརྩེ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཁ་ཐིག་མེད་པའི་མཛའ་བརྩེ།
ཁ་ཐིག་མེད་པའི་མཛའ་བརྩེ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/5/25ལྟ་ཀློག (1623)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                            རྨ་ཁེར་ཉལ།

མི་བསྡོད་ལོ་ཟླའི་གོམ་བགྲོད་བར་ནས།།

གཞུང་དོན་སྒེར་དོན་ཀུན་ལ་འདུར་གྱིན།།

སྐར་ཆ་འགའ་རེས་གོ་སྐབས་བཙལ་ཀྱང་།།

ཧྰ་པྰ་སྤུ་ཐོའི་སྒོ་ཆེན་བཀག་ཟེར།།


ཁུངས་ལུང་མེད་པའི་ཉོག་གཏམ་འདི་ཚོས།།

བདག་གི་སེམས་པ་གས་གཏོར་གཏོང་དུས།།

གློ་སྙིང་ཉེ་བའི་གྲོགས་དང་ཕུ་ནུས།།

རྩྭ་ལྟར་ཡངས་པའི་གཤིས་ཀ་མཐོང་བྱུང་།།



ང་རང་སྡོད་པའི་ཁང་གོག་སྒོ་ན།།

མི་རྒོད་ཟ་བའི་སྟག་གཟིག་དོམ་དྲེད།།

མེད་པའི་འཕྱ་སྨོད་བྱེད་གྲབས་མིན་ན།།

རྒན་དང་བྱིས་པ་མགྲོན་ཏུ་སླེབས་བྱུང་།


ཉོན་ཡ་ཉོན་ཡ་སྙིང་ཉེས་སྤུན་གྲོགས།།

རང་དོན་འོ་མ་བསྲུབས་འདོད་ཡོད་དུས།།

མི་ཁོམ་འཇིག་རྟེན་བྱ་ལས་མང་བོ།།

མི་བསྡོད་བྱ་བཞིན་གང་ལ་འཕུར་སོང་།།


མ་བཤད་མ་བཤད་རྫུན་འདི་མ་བཤད།།

མ་བུ་ལྟ་བུའི་གྲོགས་པོར་མ་བཤད།།

མ་བསམ་ས་ནས་རྫུན་གི་ཚིག་མཛོད།།

མ་རབ་མི་ཚོས་ལྐོག་ནས་ཀློག་འགྲོ།།


ཁ་ཐིག་མེད་པའི་རྫུན་ཁུག་ནང་གི།།

ཤ་མིན་ཚིལ་མིན་རྨེན་གྱིས་ཕུང་བོ།།

ཧཱ་པཱ་སྤུ་ཐོས་ཟོས་ནས་མི་ཚད།།

སྒྱུ་རྙོག་བརྒྱུད་དེ་བཏང་ཡང་ཚར་འདུག།

                              2010-4-9



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48599561
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1