ངས་ང་བོར་མེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 12 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ངས་ང་བོར་མེད།
ངས་ང་བོར་མེད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/6/2ལྟ་ཀློག (1566)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཇང་ཚ་འཁྱམ་པོ།


ལས་དབང་འདི་  

ཆེས་ལད་པའི་འཁྲབ་གཞུང་ཞིག་རེད།

ལྷན་འཛོམས་ཀྱི་མཇུག་སྒྲིལ་མེད་ལ།

རྒྱལ་ཁ་ཡི་དགའ་འབོད་ཀྱིས་སྤྲོ་འཛོམས་མེད།

རེད་དེ་  

ངས་ཅིས་ཀྱང་རང་གི་འཁྲབ་ཚན་དེར་གསོན་ཉམས་བསྐྲུན་དགོས།

འབད་པ་བྱེད་དགོས། གཟི་འོད་སྤྲོ་དགོས།



སྤྱི་ཚོགས་འདི་དུས་བཞི་ཡི་འགྲོས་སུ་བསྟུན་དུས་

ངའང་རྒྱ་རྫོང་ཁྲོད་ཀྱི་སྡོང་ཕྲན་དེ་ཡིན།

སྦྲང་ཆར་གྱིས་ང་ལ་གསོན་ཉམས་བསྩལ་ཡོད་ལ་

སད་སེར་གྱིས་ང་རང་གཅེར་བུར་ཕུད་མྱོང་།

རེད་དེ་

ངའི་རྩ་བ་དོག་མོ་ས་ལ་འཐམ་ཞིང་།

ངའི་རྩེ་མོ་ཨ་སྔོན་གནམ་ལ་ཀེར་ཡོད།

ངས་ང་བོར་མེད། 

ངས་ང་ལ་དབང་བའི་འཁོར་འབངས་ཤིག་ཡོད་པར་ཡིད་ཆེས་ལ།

ངས་ང་ཡི་འཁོར་འབངས་དེར་གྲིབ་བསིལ་རེ་སྦྱིན་ནུས་པའི་སྤོབས་པ་ཡོད།



ལག་ལེན་མེད་པའི་ཕུགས་བསམ་དེ་སྟོང་བསམ་ཡིན་ན་འཆར་ཡན་མེད་པའི་སང་ཉིན་ནི་དུར་ཁྲོད་རེད།

བཙུར་ནས་ཐོན་པའི་ཡིག་འབྲུ་དེ་གད་སྙིཊ་ཡིན་ན་

ཚོར་བ་མེད་པའི་འཁྱམ་པོ་ང་བེམ་རོ་རེད།

རེད་དེ་    ངས་ཅིས་ཀྱང་ང་འབོར་དུ་འཇུག་གི་མེད།

ཐ་ན་བྲག་དམར་དེར་སེན་བྲད་ལས་མ་ནུས་ཀྱང་་་་


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48561937
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1