草原梦想欢迎你! |
དེ་རིང་ནི་སྤྱི་ལོ
2025
ལོའི་ཟླ
10
ཚེས
14
རེས་གཟའ་མིག་དམར་ཡིན། |
དྲ་གནས་ཉར་ཚགས། གཙོ་ངོས་སུ་འགོད་པ། ནང་འཇུག
|
 |
|
|
|
སེམས་པ་ནམ་ཡང་ཁྱེད་ཀྱི་ཕྱོགས་སུ་འཁོར་ཡོད། | རྩོམ་སྒྲིག་པ། གསང་བདག | སྤེལ་དུས། 2014/6/11 | ལྟ་ཀློག (1657) | རྩོམ་ཁུངས: ངེད་དྲ་བ། | པར་འདེབ། |
|
མགར་གྲིབ་མ།
-----མ་ཡུམ་ལགས
ན་ནིང་སྟེ།
དེ་རིང་གི་དུས་འདིར།
ང་དང་ང་འདྲ་བའི་མ་ཡུམ་གྱིས་གསོ་སྐྱོང་གནང་བའི།
གངས་ཕྲུག་ཁྱུ་གཅིག
སེམས་ལ་གྱེས་བྲེལ་གྱི་མིག་ཆུ་བཟོད་བཞིན།
མ་ཡུམ་ཁྱེད་ཀྱི་པང་ཁུག་ནས།
འདུ་འཛི་ཆེ་བའི་སྤྱི་ཚོགས་ཀྱི་གར་སྟེགས་སུ་བསྐྱོད་དགོས་བྱུང་།
ཁྱེད་ཀྱི་པང་ཁུག་ཏུ་འཚོ་བའི་དུས་ཡུན་ནི།
ངར་མཚོན་ན་ཧ་ཅང་ཐུང་།
ཁྱེད་ཀྱི་པང་ཁུག་དྲོན་མོ་དེས།
ངར་ཞེན་ཆགས་ཞིག་སྟེར།
དུས་ནམ་ཡང་།
ངའི་དྲན་པའི་ཀློང་ན།
དགེན་རྣམས་ཀྱིས་ཁ་ཏ་དེ་དག་དྲན་ཁུ།
ཁྱེད་ཀྱི་པང་དུ་སློབ་གྲོགས་ཚོ་དང་མཉམ་དུ།
ཅི་འདོད་ཀྱིས་རྩེ་མཚར་རོལ་བ་དག་ཆུའི་རླབས་བཞིན་འཁྱིལ་ཁུ།
ན་ནིང་སྟེ།
དེ་རིང་གི་དུས་འདིར།
སྐྱོ་གདུང་གི་དབྱངས་རྟ་ཞིག་དང་མཉམ་དུ།
ཐར་ཐོར་གྱི་སྙན་ངག་ཞིག་གྱེར་བཞིན།
ལུས་རྩལ་ར་བའི་འོག་མའི་ནང་།
ཁྱེད་ཀྱིས་ང་ཚོར་ཐུགས་སེམས་ཆེན་པོའི།
སྟ་གོན་བྱེད་པའི་ཆེས་རྗེས་མའི།
ང་ཚོར་དབང་བའི་མཐར་ཕྱིན་དགུང་ཚོགས་དེར་རོལ་སོང་།
བགྲང་བྱ་གཅིག་གི་རྗེས་ཀྱི་དེ་རིང་།
ང་རང་མ་ཡུམ་སློབ་གླིང་གི་ལུས་རྩལ་ར་བ་གོང་མ་ནས།
ཁྱེད་ཀྱིས་གཅིག་གཅིག་ལོ་རིམ་ཚང་ལ།
ཆེད་དུ་སྤེལ་བའི་མཐར་ཕྱིན་གྱི་རིག་རྩལ་དགུང་ཚོགས་དེར།
མར་བལྟས་ནས་སེམས་སུ།
ན་ནིང་གི་ད་ལྟའི་དུས་ཚོད་འདིར།
ང་རང་ཡང་སློབ་གྲོགས་དེ་ཚོའི་དཀྱུལ་དུ་བསྡད་ནས་ཡོད་པ་བསམ་བྱུང་།
དེ་རིང་།
ང་ཁེར་རྐྱང་གིས་ལུས་རྩལ་ར་བའི་ཐོག་མ་ནས།
སློབ་གྲོགས་ཚོས་སྙན་པའི་དབྱངས་དང་།
གར་གྱིས་མཛེས་པའི་སྟངས་སྟབས་ལ་བལྟས་བཞིན།
ང་རང་དེའི་ཁྲོད་དུ་ཡོད་ན་ཅི་མ་རུང་བསམ་མོད།
དེ་ནི་སྣང་བར་འཇའ་ཤར་བ་ཞིག་རེད་ཨང་།
དུས་ནི་ནམ་ཡང་ཕྱིར་བསྐྱོད་ཐབས་མེད།
འོན་ཀྱང་།
ང་རང་ཁྱེད་ཀྱི་པང་ཁུག་ནས་གྱེས་ནས་བགྲང་བྱ་གཅིག་འགོར་རུང་།
སེམས་ཀྱི་རྟ་ཕོ་ནི་རང་དབང་མེད་པར།
ན་ནིང་གི་དུས་ལ་ཤོར་ནས་ལུས་ཡོད།
ནམ་ཡང་།
༢༠༡༤-༦-༧ཉིན་དར་རྩེ་མདོ་ནས།
|
| |
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
|
|
འདྲེན་བཀོལ: |
|
|
དཔྱད་གཏམ (
0
)ཡོད། |
|
|
|
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་། |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|