草原梦想欢迎你! |
དེ་རིང་ནི་སྤྱི་ལོ
2025
ལོའི་ཟླ
5
ཚེས
15
རེས་གཟའ་ཕུར་བུ་ཡིན། |
དྲ་གནས་ཉར་ཚགས། གཙོ་ངོས་སུ་འགོད་པ། ནང་འཇུག
|
 |
|
|
|
ང་ནི་གྲིབ་མ་ཞིག | རྩོམ་སྒྲིག་པ། གསང་བདག | སྤེལ་དུས། 2014/6/18 | ལྟ་ཀློག (1646) | རྩོམ་ཁུངས: ངེད་དྲ་བ། | པར་འདེབ། |
|
མགར་གྲིབ་མ།
ང་ནི་གྲིབ་མ་ཞིག
ཁྱེད་ཀྱི་འོད་སྣང་གང་དུ་འཕྲོས་ན།
ང་རང་དེ་ན་ཡོད།
ཁྱེད་ཀྱི་འོད་སྣང་སྤྲིན་དཀར་ཐོག་ཏུ་འཕྲོ་དུས།
ང་རང་ནི་སྤྲིན་དཀར་འོག་གི།
ཡངས་པོའི་སྤང་དུ་ཁྱེད་ཀྱི་རྗེས་སུ་འདེད་པའི།
གྲིབ་མ་ཞིག
རྩྭ་ཐང་དང་རི་ལུང་།
གཙང་པོ་སོགས་བརྒལ་ནས།
ཁྱེད་གང་དུ་ཐོན་ན་ང་རང་ཡང་དེར་ཐོན།
ང་ནི་གྲིབ་མ་ཞིག
ཁྱེད་ཀྱི་འོད་སྣང་ས་གཞིར་ཁྱབ་དུས།
གངས་རི། སྤང་རི། ནགས་རི་དང་རྫ་རི།
སྡོང་བོ། སྡོང་བོ་དང་ཡལ་ག
ཡལ་ག་དང་ལོ་མ།
སྤང་དུ་སྐྱེས་པའི་རྩྭ་དང་རྩི་ཤིང་།
མཛེས་པར་བཞད་པའི་མེ་ཏོག
མེ་ཏོག་གི་འདབ་ལོ་རེ་རེའི་སྟེང་དུ་འཕྲོ་ནས།
སར་འཆར་བའི་དེ་དག་གི་གཟུགས་བརྙན་ཏེ།
ང་ནི་གཟུགས་བརྙན་ལས་བྱུང་བའི་གྲིབ་མ་ཞིག
ང་ནི་གྲིབ་མ་ཞིག
ནམ་ལངས་ཐོ་རངས་ཤར་དུས།
ཁྱེད་ཀྱིས་ཡན་ལག
ནམ་མཁའ་དང་ས་གཞི།
མཁའ་དབྱིངས་སོགས་སུ་ཐོག་མར་བརྐྱངས་དུས།
ང་ནི་ཁྱེད་ལ་རེ་བའི།
གྲིབ་གཟུགས་ཉག་ཕྲན་གཅིག
ཁྱེད་ཀྱིས་ང་ཡི་རྒྱ་ཁྱོན་ཆེས་ཆེར་བསྐྱེད་ཐུབ།
ཁྱེད་ཀྱིས་ང་ཡི་གསོན་ཤུགས་རྒྱས་བཅུག
ང་ནི་གྲིབ་མ་ཞིག
ཁྱེད་གང་དུ་ཡོད་ན།
ང་ཡང་དེར་ཐོན་ཡོང་།
ཉིན་རེ་དང་ཉིན་རེ།
ཟླ་རེ་དང་ཟླ་རེ།
ལོ་རེ་དང་ལོ་རེར།
དུས་དང་རྣམ་པ་ཀུན་ཏུ།
ཁྱེད་རང་གང་དུ་སྐྱོད་ན།
ང་ཡང་ཁྱེད་ཀྱི་རྗེས་སུ་འདེད་ནས་ཡོང་།
ཁྱེད་ནི་ངའི་རེ་བའི་མིག་ཟུང་ཡིན།
འོད་སྣང་ལགས།
ཁྱེད་མེད་ན་ང་ཡང་ཡོད་མི་སྲིད།
༢༠༡༤-༤-༢༩ཉིན། |
| |
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
|
|
འདྲེན་བཀོལ: |
|
|
དཔྱད་གཏམ (
0
)ཡོད། |
|
|
|
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་། |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|