ལན་ཀྲུའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་མི་རིགས་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་འབྲུག་ཐར་ལགས་ཀྱིས་འགོ་འཛིན་བྱེད་པའི་༼བོད་ཀྱི་དམངས་ཁྲོད་ངག་རྒྱུད་རིག་གནས་ཕྱོགས་བསྡུས་༽ལས་༼ཁག་གཉིས་པ་༽ཡི་ལས་གཞི་ལ2013ལོའི་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཐེབས་རྩའི་ཆོག་མཆན་ཐོབ་པའི་ལས་གཞིའི་རོགས་སྐྱོར་ཐོབ་ཅིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི328.31ཡིན་པ་རེད།
བོད་ཀྱི་ངག་རྒྱུད་རིག་གནས་ནི་དམངས་ཁྲོད་ནས་བྱུང་ཞིང་དེ་ནས་དར་སྤེལ་བྱུང་བ་ཡིན་པ་དང་། བོད་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་འཚོ་སྡོད་བྱས་པའི་ཁོར་ཡུག་དང་མཛེས་དཔྱོད་ཀྱི་ཁྱད་ཆོས་ལྡན་པའི་སྐད་བརྡ་ལ་བརྟེན་ནས་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་གླུ་གཞས། གཏམ་དཔེ། ཁེད། ངག་རྒྱུན་སོགས་ཕུན་སུམ་ཚོགས་པ་བརྩམས་ཤིང་། བོད་ཀྱི་ངག་རྒྱུད་རིག་གནས་ལོ་ངོ་སྟོང་ཕྲག་མང་བོར་དར་སྤེལ་བྱུང་།
ལས་གཞི་འདིས་མི་རིགས་རིག་པ་དང་མིའི་རིགས་རིག་པ། སྤྱི་ཚོགས་རིག་པ། རིག་གནས་རིག་པ། ཆོས་ལུགས་རིག་པ་སོགས་ཀྱི་གཞུང་ལུགས་ལ་གཞིར་བྱས་ནས། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་བོད་རིགས་འཚོ་སྡོད་བྱས་ཡོད་པའི་ཞིང་ཆེན་བཞིའི་ངག་རྒྱུད་རིག་གནས་ལ་སྔོག་འདོན་དང་འཚོལ་བསྡུ། ལེགས་སྒྲིག་བྱེད་པ་ཡིན། ལས་གཞི་འདིའི་ཁོངས་མི་རྣམས་བོད་རྒྱ་སྐད་གཉིས་རྟོགས་པའི་བོད་རིག་པའི་ཆེད་མཁས་དག་ཡིན་ཞིང་། བོད་རིགས་མང་ཚོགས་ཀྱི་འཚོ་བ་དངོས་ཁྲོད་སོང་ནས་ཡུལ་སོ་སོའི་དམངས་སྲོལ་བྱ་འགུལ་ཁྲོད་ཞུགས་ཏེ་རིག་གནས་ཀྱི་རྒྱུ་ཆ་གྱ་ནོམ་པ་སྔོག་འདོན་བྱེད་པར་མ་ཟད། རིག་གནས་ཀྱི་ས་གནས་རང་བཞིན་གྱི་ཁྱད་ཆོས་ལ་ཁ་གཏད་ནས་རོང་འབྲོག་ཁུལ་དང་གྲོང་རྡལ་སོགས་སུ་རྟོག་དཔྱད་འཚོལ་བསྡུ་བྱས་ཏེ་ཡུལ་སོ་སོའི་ངག་རྒྱུད་རིག་གནས་རྒྱུ་ཆ་འཚོལ་བསྡུ་བྱས་པར་བརྒྱུད། དེང་ཕྱིན་གྱི་ཞིབ་འཇུག་ལ་ཟུར་ལྟའི་རྒྱུ་ཆ་ཆ་ཚང་འདོན་སྤྲོད་བྱེད་པ་ཡིན།
|