སྙིང་རྗེ་བའི་ཡུལ་ཤུལ་མི་དམངས་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 8 ཚེས 6 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »སྙིང་རྗེ་བའི་ཡུལ་ཤུལ་མི་དམངས་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ
སྙིང་རྗེ་བའི་ཡུལ་ཤུལ་མི་དམངས་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/21ལྟ་ཀློག (2368)རྩོམ་ཁུངས: པར་འདེབ།

                                                                                                དགེ་ཆོས།

 རྒྱ་ཆེ་བའི་རྩྭ་ཐང་འདི་ཉིད   ཁོད་ཡངས་པའི་ནམ་མཁའ་འདི་ཉིད

འུ་ཚང་གི་མལ་གདན་དང་མགོ་སྦྲ་བྱས་ནས་ཡུན་རིང་འགོར

མེ་ཏོག་གི་དབུ་རྒྱན་དཀྲིས་པའི་བུ་མོ་ཚོ

ཁེང་ཆར་གྱི་ལྭ་བ་མནབས་པའི་སྟག་ཤར་ཚོ

འདི་ལྟར་ཡུན་རིང་འགོར་པའི་དེ་རིང

ན་ནིང་གི་ཝུན་ཁྲོན་དང་འདྲ་བར་ཁྱུར་མིད་བཏང་སོང

 

ས་རུབ་ཁའི་བདེ་བ་རུམ་ནས  ནམ་ལངས་ཁའི་བརྩེ་བ་བསམ་ནས

ཁྱེད་ཚོའི་ལྷིང་འཇགས་ཀྱི་མ་ཎི་ལྷ་ཁང་དང་འབིས་རྣམ་པར་སྣང་མཛད

ཚོད་ཚོད་ལ་གཡོ་འགུལ་ཐེབས་ཤིང་ཚོད་ཚོད་ལ་ཞིག་པར་རྩོམ

དཔེ་ཀློག་གི་དབྱངས་རྟ་ལས་མེག་ཆར་འབབ་པའི་བྱིས་པ་ཚོ

རྨི་ལམ་ལས་ག་ལེར་བཞེངས་སྐབས

སྤུས་ཞན་པའི་སྡོད་ཁང་གིས  ལྕི་དྲགས་པའི་རྡོ་ཆར་གྱིས

ཁྱོད་ཚོ་ག་ལེར་བསུབ་སོང   ག་ལེར་ལམ་འཇུག་བྱས་སོང

 

བྲག་རི་གཏོར་ཞིང་ཆུ་བོ་རྙོག་པ་འུ་ཚོས་མཐོང་མྱོང

ཕོ་བྲང་བཤིགས་ཤིང་རི་རབ་བསྔོགས་པའང་འུ་ཚོས་མཐོང་མྱོང

འདི་ལྟ་བུའི་འཁྱོམ་འགུལ་ཞིག  འདི་ལྟ་བུའི་གཡོ་སྐྱོམ་ཞིག

གང་ནས་འོང་ཞིང་འདི་ནས་འདུག་ངེས་པ་སུ་ལ་གསལ

 

ས་ཆེན་ཁྲོས་པའི་སྒྱོགས་རྡོ་འདི་བསམ་ཐེངས་རེ་རེར

ཁང་སྟོང་དང་བདག་མེད་ཀྱི་ནོར་ལུག་དག་ག་རེ་བྱེད་དགོས

ཡ་ང་བའི་དྭ་ཕྲུག་དག་དང་ཉམ་ང་བའི་རྒས་འཁོགས་དག

ད་དུང་ཡུགས་ཕོའམ་ཡུགས་མོའི་གནམ་ས་རལ་བའི་ངུ་རྒྱངས་དེ་དག

འུ་ཚོས་ག་རེ་བྱེད་དགོས    ག་རེ་བྱེད་དགོས

 

སྡུག་པོ་འདི་ཁྱེད་ཚོ་ཁེར་པོའི་སྡུག་བསྔལ་མ་རེད

འུ་ཚང་གཅིག་པུའི་སྡུག་བསྔལ་ཡང་མ་རེད

 

ཚེ་སྲོག་གཙབ་རལ་དུ་བཏང་བའི་འདས་པོ་དག་འདི་ལྟར་སོང་མྱོང

ཚེ་སྲོག་གཙབ་ངེས་པའི་མིའི་རིགས་ཀྱང་འདི་ལྟར་འགྲོ་དགོས

ཅི་ཀྱང    འུ་ཚོ་འདི་ལྟར་འགྲོ་དགོས

 

བཙོན་དོང་དང་མེ་དཔུང   དྲག་ཆར་དང་ཚེར་གསེང་ནས་གཤེགས་པའི་མེས་པོ་ཚོ

བཀྲེས་རྔབ་དང་བཙན་གཡེམ  རྟ་ལྕག་དང་འདམ་མྱགས་ལས་གཤེགས་པའི་མེས་མོ་ཚོ

འདི་ལས་ལྕི་བའི་སྡུག་བསྔལ་ཁུར་ནས་གཤེགས་སོང

འདི་ལས་ཐུ་བའི་སེམས་ངལ་བཞག་ནས་བུད་སོང

སྙིང་རྗེ་བའི་ཡུལ་ཤུལ་མི་དམངས་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ

 ༢༠༡༠.༤.༡༤.ཉིན་ཁམས་ཀྱི་ཡུལ་ཤུལ་ས་ཁུལ་དུ་ཚད་རིམ༧.༡ཅན་གྱི་ས་འགུལ་བྱུང་བའི་གནས་ཚུལ་ཐོས་རྗེས་རྔ་བ་རྫོང་གི་རྨེའུ་རུ་མའི་སློབ་ཆུང་དུ་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49642367
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1