རླུང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 8 ཚེས 7 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »རླུང་།
རླུང་།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/25ལྟ་ཀློག (1714)རྩོམ་ཁུངས: པར་འདེབ།

                                          ཆོས་ཤུལ་གསང་བདག

རྩྭ་རྐང་དག་སྒུལ་གྱིན་སྒུལ་གྱིན

བྱེ་མའི་ཕོན་པོ་དག་ཁུར་ཅིང

ཕ་བོང་གི་སྲོག་ལ་རྒོལ་བར་བྱེད

འཁྱག་རོམ་ལ་གས་ཀ་ཕབས་ཤིང

རྦ་རླབས་ལ་ཟིལ་ཤུགས་ཀྱི་རྣོ་དབལ་བྱིན

ཁ་རླངས་ཤིག་ཕུད་པའི་ཞོར་དུ

རྨི་ལམ་ལ་གས་ཆག་བཏང་ཞིང

རྡོག་སྒྲ་ཞིག་ངང་གིས་ཡལ་བར་བརྩམས

གྲོང་ཁྱེར་གྱི་རླུང་ལ་མེ་དྲོད་ལྡན་ཞིང

ལུས་དང་སེམས་སྲོ་བར་རོལ་མོ་དཀྲོལ

རྣམ་ཤེས་ལ་གསོན་ཤུགས་རྒྱས་བྱེད་དེ་དག

ཕ་ཡུལ་དང་བར་ཐག་རིང  རྨི་ལམ་དེའང་བར་ཐག་རིང

ཆར་དང་བསྡེབས་པའི་ས་སྲོད་དེར

རང་བྱུང་ཁམས་དགྲ་རུ་བཟུང་བ་འདྲ་བར

སྤྲིན་པའི་ཡོལ་བ་ཞིག་ལུས་སུ་གྱོན་ཞིང

གཟེར་མའི་མདའ་མདུང་དག་འཕེན་པར་བྱེད

ཁྱོད་རང་སུ་ཞིག་གིས་མངགས་པའི་ཇག་པ་དེ་ཡིན

སུ་ཞིག་གིས་ཕངས་པའི་བོའུ་མདེའུ་དེ་ཡིན

ལམ་གྱི་ཐལ་རྡུལ་དག་གཙང་ཕྱགས་བྱས་ནའང

ཁྱོད་ཀྱི་གསེང་དུ་ཐིམ་པའི་མི་གཙང་བ་མཐའ་དག

ཆུ་ཕྲན་གྱིས་བཀྲུའམ    ཆར་ཆུས་བཀྲུ་བར་བྱ

བཀྲུས་ནས་མི་འདག་པ་དེ་དག

ཁྱོད་ཀྱི་ཁམས་སུ་ཆགས་པའི་གཡའ་དེ་ཡིན་ནམ

                               སྤྱི་ལོ༢༠༡༣ལོའི་ཟླ༡པོའི་ཚེས༩དགོང་མོར་སྦྱར།

 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49650278
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1