“ནུབ་རྒྱུད་དུ་བསྐྱོད་པ”ཞེས་པའི་སྨན་བཅོས་ཆེད་མཁས་པའི་སྤྱི་ཕན་རོགས་སྐྱོར་བྱ་འགུལ་ཐོག་མར་མཚོ་སྔོན་དུ་སྤེལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 8 ཚེས 7 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »“ནུབ་རྒྱུད་དུ་བསྐྱོད་པ”ཞེས་པའི་སྨན་བཅོས་ཆེད་མཁས་པའི་སྤྱི་ཕན་
“ནུབ་རྒྱུད་དུ་བསྐྱོད་པ”ཞེས་པའི་སྨན་བཅོས་ཆེད་མཁས་པའི་སྤྱི་ཕན་རོགས་སྐྱོར་བྱ་འགུལ་ཐོག་མར་མཚོ་སྔོན་དུ་སྤེལ་བ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/27ལྟ་ཀློག (1741)རྩོམ་ཁུངས: 

 

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། ཀྲུང་ཧྭའི་གསོ་རིག་སློབ་ཚོགས་སྨྱོ་ནད་རིག་པའི་ཡན་ལག་སློབ་ཚོགས་ཀྱི་དགེ་རྒན་ཆེན་མོ་ཅ་ཅན་ཕེན་སོགས་རྒྱལ་ཡོངས་ཀྱི་མིང་དུ་གྲགས་པའི་ཆེད་མཁས་པ་བཅུ་བཞི་མཚོ་སྔོན་དུ་ཡོང་སྟེ།ནུབ་རྒྱུད་དུ་བསྐྱོད་པཞེས་པའི་སྨན་བཅོས་ཆེད་མཁས་པའི་སྤྱི་ཕན་རོགས་སྐྱོར་བྱ་འགུལ་གྱིས་རིགས་གཞུང་སློབ་སྦྱོང་དང་གསོ་སྦྱོང་བྱེད་པ་དང་། བཅོས་དཀའ་བའི་ནད་ལ་བརྟག་དཔྱོད་བྱེད་པ། ནད་ཐོག་སྨན་བཅོས་བྱེད་པ། ཆེད་མཁས་པས་རིན་མི་ལེན་པར་སྨན་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཚོ་སྔོན་ལ་ཆེད་ལས་ཅན་གྱི་མཛུབ་སྟོན་དང་ལག་རྩལ་གྱི་རོགས་སྐྱོར་བྱེད་རྒྱུ་རེད།

ནུབ་རྒྱུད་དུ་བསྐྱོད་པཞེས་པའི་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ལས་རིགས་ཀྱིས་སྔོན་ཐོན་འདུ་ཤེས་ལ་སློབ་སྦྱོང་བྱེད་པ་དང་། མིག་རྒྱ་དང་བསམ་ཕྱོགས་རྒྱ་བསྐྱེད་པ། སྔོན་ཐོན་ལག་རྩལ་ཁོང་དུ་ཆུད་པར་བྱེད་པ། སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གོ་སྐབས་བཟང་བོ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བ་དང་སྨན་ཡོན་མཐོ་བ། སྨན་ཁང་དང་བར་ཐག་རིང་བ་བཅས་ཀྱི་གནད་དོན་ཐག་གཅོད་པའི་གཅེས་སེམས་འབུལ་བའི་ལས་དོན་ཞིག་ཀྱང་ཡིན།

ཤེས་པ་ལྟར་ན། ཐེངས་འདིའིནུབ་རྒྱུད་དུ་བསྐྱོད་པཞེས་པའི་བྱ་འགུལ་གྱི་ཆེད་མཁས་པ་ཚང་མ་ནི་རྒྱལ་སའི་གསོ་རིག་ཚན་རྩལ་སློབ་གྲྭ་ཆེན་མོ་དང་བཅིངས་འགྲོལ་དམག་སྤྱིའི་སྨན་ཁང་། ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཟུར་གཏོགས་ཧྭ་ཧྲན་སྨན་ཁང་སོགས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨྱོ་ནད་རིག་པའི་ཕྱོགས་ཀྱི་ཆེད་མཁས་པ་རེད།                                                                   མཚོ་སྔོན་གསར་འགྱུར་དྲ་བ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
49659896
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1