༄༅།།ཀན་སུའུ་ཞིང་ཆེན་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 14 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »༄༅།།ཀན་སུའུ་ཞིང་ཆེན་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲ
༄༅།།ཀན་སུའུ་ཞིང་ཆེན་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/27ལྟ་ཀློག (1660)རྩོམ་ཁུངས: 

 

ཀན་སུའུ་ཞིང་ཆེན་སློབ་གསོ་ཐང་གི་ཐང་ཀྲང་གཞོན་པ་རྟ་མགྲིན་ཐར།

       སྤྱི་ཟླ༤ པའི་ཚེས ༢༣ ཉིན། ཀན་སུའུ་ཞིང་ཆེན་སློབ་གསོ་ཐང་གི་ཐང་ཀྲང་རྟ་མགྲིན་ཐར་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།ཀན་སུའུ་ཞིང་ཨུའམ་སྲིད་གཞུང་གིས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཐད་ལ་དུས་ནམ་ཡང་གཙིགས་མཐོང་ཆེན་པོ་བྱེད་པས། མ་དངུལ་འབོར་ཆེན་བཏང་བ་མ་ཟད། ལས་གཞི་བཀོད་སྒྲིག་དང་དགེ་རྒན་གྱི་རུ་ཁག་གསོ་སྐྱོང་སོགས་བྱས་ཏེ་བོད་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པ་ཁག་ཐེག་བྱས་ཡོདཅེས་བཤད།
      
རྟ་མགྲིན་ཐར་གྱིས་ངོ་སྤྲོད་བྱ་རྒྱུར། ཀན་སུའུ་ཞིང་ཆེན་བོད་ཁུལ་གྱི་མངའ་ཁོངས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་བསྡོམས་པས་རྫོང་ཁག་བརྒྱད་དང་གྲོང་ཁྱེར་གཅིག་ཡོད། ས་ཁུལ་དེ་རུ་བོད་རིགས་མི་གྲངས་བསྡོམས་པས་ཁྲི ༤༤.༨༨ ཡོད། སྤྱི་ལོ ༢༠༡༠ ལོར་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་རྗེས། ཀན་སུའུ་ཞིང་ཆེན་ཏང་ཨུའམ་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་བོད་ཁུལ་མཆོང་སྐྱོང་ངང་འཕེལ་རྒྱས་གཏོང་བའི་བསམ་འཆར་བཏོན་པ་དང་། བོད་ཁུལ་གྱི་སློབ་གསོ་ཐད་ཀྱི་ཆེད་བཀོལ་མ་དངུལ་བཏང་ནས། སྒྲིག་གཞི་འགན་ལེན་དང་། མ་དངུལ་གཏོང་འཇོག དགེ་རྒན་གསོ་སྐྱོང་། སྐད་གཉིས་སློབ་གསོ་སོགས་ཕྱོགས་གང་ཐད་ནས་འགོ་བརྩམས་ཏེ། ཤུགས་ཆེན་པོས་བོད་ཁུལ་གྱི་སློབ་གསོ་མཆོང་སྐྱོད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
      “
མིག་སྔར། ཞིང་ཆེན་ནང་ཁུལ་དུ་མ་དངུལ་འབོར་ཆེན་བཏང་ནས། བོད་ཀྱི་ས་ཁུལ་དུ་ལོ་དགུའི་རིན་མེད་འོས་འགན་སློབ་གསོ་ལག་བསྟར་བྱས་ཏེ། སློབ་ཆུང་དང་སློབ་འབྲིང་གི་སློབ་གྲོན་རྩག་རྩིག་དང་། རོགས་སྐྱོར་མཉམ་སྤྱོད་གླ་རིན། བཅའ་སྡོད་སློབ་མའི་འཚོ་བའི་རོགས་སྐྱོར་སོགས་མི་དགོས་པ་བྱས་ལ། ད་དུང་ཕྱོགས་ཡོངས་ནས་ཞིང་སྡེའི་དམའ་འབྲིང་དང་སློབ་ཆུང་གི་བཅུད་ལྡན་ཟས་ཀྱི་འཆར་གཞི་ལག་བསྟར་བྱས་པ་མ་ཟད། གོམ་གང་མདུན་སྤོས་ངང་སློབ་མའི་རོགས་སྐྱོར་མ་ལག་ཆ་ཚང་དང་ལག་བསྟར་བྱས།གཞི་གྲངས་སུ་མངོན་གསལ་ལྟར་ན། སྤྱི་ལོ ༢༠༠༨ ལོ་ནས ༢༠༡༢ ལོའི་བར་དུ། ཀན་ལྷོ་ཁུལ་གྱི་མཐོ་འབྲིང་རིམ་པའི་སློབ་ཞུགས་ཚད་བརྒྱ་ཆ་༥༥.༠༡ ནས་བརྒྱ་ཆ ༧༥. ༦༨ ལ་གོང་འཕར་བྱུང་། དཔའ་རིས་ཀྱི་སློབ་ཞུགས་ཚད་བརྒྱ་ཆ་༦༨.༠༢ ནས་བརྒྱ་ཆ༨༥. ༦༧ ལ་གོང་འཕར་བྱུང་། དེ་ལས་ང་ཚོས་མཐོང་ཐུབ་པ་ནི། དགེ་མཚན་ལྡན་པའི་སྲིད་ཇུས་དེ་དག་ལག་བསྟར་བྱས་པ་ཡིས། བོད་ཁུལ་མང་ཚོགས་ཀྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པ་རེད།
      
རྟ་མགྲིན་ཐར་གྱིས།བོད་རིགས་སློབ་མ་ཚོས་བོད་ཡིག་སློབ་དགོས་པ་མ་ཟད་རྒྱ་ཡིག་ཀྱང་སློབ་དགོས་པས་དཀའ་ཁག་ཆེན་པོ་ཡོད་པ་རེད།ཅེས་བཤད། ཁོང་གིས་ཡང་།གནད་དོན་དེ་ནི་བོད་རིགས་སློབ་མ་ཚོ་འཕྲད་ཡོད་པའི་དཀའ་ཁག་ཁོ་ན་མ་ཡིན་པར། གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་ཚང་མས་དཀའ་ཁག་ཡིན་པ་འདྲ།དེའི་སྟབས་ཀྱིས་ཀན་སུའུ་ཞིང་ཆེན་དུ་རིགས་གསུམ་རྣམ་པ་གཅིག་འདུས་ཀྱི་རྨང་གཞིའི་སློབ་གསོའི་སྐད་གཉིས་སློབ་གསོའི་མ་ལག་གྲུབ་ཡོད་པ་རེད།
      
རྟ་མགྲིན་ཐར་གྱིས་བསྟན་དོན།ཀན་སུའུ་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། ད་དུང་བར་ཐག་ངེས་ཅན་ལྡན་ཡོད་པས། མུ་མཐུད་དུ་འབད་པ་ཆེན་པོ་བྱེད་དགོས། ཁ་གཏད་རོགས་སྐྱོར་སྲིད་ཇུས་དང་འགན་ལེན་སྲིད་ཇུས་སོ་སོ་ལག་བསྟར་བྱས་པ་བརྒྱུད་ནས། བོད་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་བསྒྱུར་བྱེད་པ་དང་། ནང་ལོགས་ས་ཁུལ་གྱི་བོད་ལྗོངས་འཛིན་གྲྭ་སློབ་གཉེར་ཉམས་མྱོང་སྤྱད་ནས། བོད་ཁུལ་གྱི་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པའི་རེ་བ་ཡོད། དེ་དག་ལས་ཀྱང་ཆེས་གཙོ་བོ་ནི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། ཕུལ་བྱུང་འགྱོན་མི་བོད་ཁུལ་དུ་ནང་འགུག་བྱེད་དགོས།ཞེས་བཤད།
      
རྟ་མགྲིན་ཐར་གྱིས།ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་ལས་དོན་མཛུབ་སྟོན་གནང་སྟེ། བོད་ཁུལ་གྱི་སློབ་གསོ་མཆོང་སྐྱོད་ངང་གོང་འཕེལ་བྱུང་བ་དང་། ཀན་སུའུ་བོད་ཁུལ་གྱི་སློབ་གསོའི་སྒྲིག་གཞི་ལེགས་བསྒྱུར། སློབ་གསོའི་མ་ལག་སྔར་ལས་དོན་འཁྱོར་ཡོང་བ། སློབ་གསོའི་སྤུས་ཚད་ལ་སྔར་ལས་ཁག་ཐེག་བྱེད་པ། སློབ་གསོའི་ཞབས་ཞུ་སྔར་ལས་ནུས་ལྡན་གཏོང་བ། སློབ་གསོ་གོང་འཕེལ་བཏང་བ་ཡིས་བོད་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་ལ་ནུས་པ་གལ་ཆེན་འདོན་ཐུབ་པ་བྱེད་དགོསཞེས་བཤད།

                                                                                                                                      བོད་ལྗོངས་འཕྲིན་དྲ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
50459814
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1