མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཁྱད་ནོར་འགྲེམ་སྟོན་ཧན་གོའི་རྒྱལ་ས་ཧྲིག་ཨར་རུ་སྤེལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཁྱད་ནོར་འགྲེམ་སྟོན་
མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཁྱད་ནོར་འགྲེམ་སྟོན་ཧན་གོའི་རྒྱལ་ས་ཧྲིག་ཨར་རུ་སྤེལ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/29ལྟ་ཀློག (1693)རྩོམ་ཁུངས: པར་འདེབ།

 

       ཟླ5བའི་ཚེས18ཉིན་གྱི་ཕྱི་དྲོ། ཧན་གོའི་ཧྲིག་ཨར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་སྤེལ་བའི“ཀྲུང་གོའི་མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཁྱད་ནོར་འགྲེམ་སྟོན”དངོས་སུ་མགོ་བརྩམས།

         ཐེངས་འདིའི་འགྲེམ་སྟོན་ནི་ཟླ6པའི་ཚེས14བར་སྤེལ་རྒྱུ་ཡིན་ཞིང་། དེ་ཚོན་ཐང་དང་། ལྷ་སྐུ། གཙགས་དྲུབས། དེ་མིན་ཆོས་ལུགས་ཡོ་ཆས་བཅས་ཁག་བཞིས་གྲུབ། འགྲེམ་སྟོན་ཡུལ་དངོས་སུ་མཚོ་སྔོན་གྱི“གཟུགས་འདས་ཤུལ་བཞག”རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་པའི་སྒྱུ་རྩལ་འགྲེམ་སྟོན་ཡང་ཡོད་ལ། མཚོ་སྔོན་བོད་བརྒྱུད་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་མངོན་པར་དོད་ཡོད།

        བྱ་འགུལ་འདི་ནི་ཧྲིག་ཨར་ཀྲུང་གོའི་རིག་གནས་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་བཅས་ཀྱིས་གཙོ་བསྒྲུབས་དང་། མཚོ་སྔོན་ཞིང་ཆེན་ལག་བཟོའི་སྒྱུ་རྩལ་མཛེས་རྩལ་དོ་དམ་སྲུང་སྐྱོབ་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་འགན་བསྒྲུབས་གནང་བ་རེད།

 

             འགྲེམ་སྟོན་གྱི་ཡུལ་དངོས།

                                                   འགྲེམ་སྟོན་གྱི་ཡུལ་དངོས།

                                                འགྲེམ་སྟོན་གྱི་ཡུལ་དངོས།

                                                                                                                                                  མཚོ་སྔོན་པོ་དྲ་བ་ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
50464742
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1