༄༅།།དཔའ་རིས་མི་རིགས་སློབ་འབྲིང་དུ་མི་རིགས་སློབ་གསོའི་བྱ་བའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 8 ཚེས 25 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »༄༅།།དཔའ་རིས་མི་རིགས་སློབ་འབྲིང་དུ་མི་རིགས་སློབ་གསོའི་བྱ་བའི་
༄༅།།དཔའ་རིས་མི་རིགས་སློབ་འབྲིང་དུ་མི་རིགས་སློབ་གསོའི་བྱ་བའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/30ལྟ་ཀློག (1601)རྩོམ་ཁུངས: 

    ཟླ5བའི་ཚེས28ཉིན་གྱི་ཕྱི་དྲོར།དཔའ་རིས་མི་རིགས་སློབ་འབྲིང་གི་ཚོགས་ཁང་ཆེན་མོ་རུ་མི་རིགས་སློབ་གསོ་བྱ་བའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས། རྫོང་སློབ་གསོ་ཅུའི་ཅུའུ་ཀྲང་གཞོན་པ་དབང་རྒྱལ་དང་། རྫོང་སློབ་གསོ་ཅུའི་ཁྲིད་དཔྱོད་ལྟེ་གནས་ཀྱི་འགོ་ཁྲིད་དང་མི་རིགས་སློབ་ཁྲིད་གཞུང་ལས་ཁང་གི་འགོ་ཁྲིད་།  ལྟ་སྐུལ་ཚན་ཆུང་གི་ཁོངས་མི། དཔའ་རིས་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་ཚོགས་འདུར་ཞུགས་ཡོད།

   ཐེངས་འདིར་དཔའ་རིས་རྫོང་སློབ་གསོ་ཅུས་མི་རིགས་སློབ་གསོའི་བྱ་བའི་ལྟ་སྐུལ་ཚན་ཆུང་བཙུགས་ནས་རྫོང་ཡོངས་ཀྱི་སྐད་གཉིས་སློབ་གྲྭ23ཡི་ཉེ་བའི་ལོ་འགའི་ནང་དུ་མི་རིགས་སློབ་གསོའི་ཐད་ཀྱི་གནས་ཚུལ་དང་ཁྱད་ཆོས། སློབ་མའི་ཡོངས་ཁུངས། སློབ་ཁྲིད་ཀྱི་སྤུས་ཚད། དགེ་རྒན་གྱི་སྤུས་ཚད། སློབ་ཁྲིད་ཀྱི་གྲུབ་འབྲས་སོགས་ཕྱོགས་ཡོངས་ནས་ལྟ་སྐུལ་དང་ཞིབ་དཔྱོད་མཛད་ཏེ།  བཟང་ཆ་དང་སྐྱོན་ཆ་བཙལ་ནས་དབྱེ་ཞིབ་བྱས་ཏེ་མཇུག་ཏུ་མཉམ་འཇོག་བྱེད་དགོས་ས་གསལ་བོར་བཏོན།

  དཔའ་རིས་མི་རིགས་སློབ་འབྲིང་གི་འགོ་ཁྲིད་དང་དགེ་རྒན་རྣམས་སློབ་གྲྭ་འདི་ཉིད་ཀྱི་ད་ཡོད་གནས་ཚུལ་དང་། མིག་སྔར་གྱི་འབུར་དུ་ཐོན་པའི་དཀའ་ཁག་དང་གནད་དོན་དག་རབ་དང་རིམ་པ་ཞིབ་མོར་བཏོན་ནས་ཕྱིས་སུ་དགེ་སློབ་ཡོངས་ཀྱིས་གོང་བུ་གཅིག་འགྲིལ་བྱས་ནས་མི་རིགས་སློབ་གསོའི་བྱ་བ་མཐོར་འདེགས་ལ་རང་ནུས་གང་ཐུབ་བྱེད་པའི་ཆོད་སེམས་མཚོན།

                                                          བོད་ཀྱི་སློབ་འབྲིང་དྲ་བ་ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
49872343
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1