ཐི་ལིས་ཉིས་ཏ་དང་ཏོ་པ་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་མའོ་ན་དང་།ཁོ་སི་ཐ་རེ་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཆིན་ཆི་ལི་ཡ།མའོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེ་ཉིས་ཡ།ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་བཅས་ཀྱིས་གདན་དྲངས་པ་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་གོང་དུ་རྒྱལ་ཁབ་དག་ལ་རྒྱལ་དོན་འཚམས་འདྲིར་ཕེབས།ཀྲུའུ་ཞི་ཞི་ཅིན་ཕེན་གྱི་འཚམས་འདྲིའི་ཕེབས་རོགས་ནི་ཁོང་གི་ལྕམ་མོ་ཕུན་ལིས་ཡོན་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན།ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ལུའུ་ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ།རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་རེད།
མཚོ་སྔོན་པོ་དྲ་བ་ལས།
|