
ཕྱི་ཟླ་༡༡ཚེས་༡༣ཉིན་རྒྱ་གར་གྱི་ཚགས་པར་ཧིན་རྡུ་སི་ཊན་ཊ་ཡིམ་སི་ནང་གནས་ཚུལ་འཁོད་གསལ་ལྟར་ན།གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཡང་རྩེར་ཡོད་པའི་བ་གམ་དེར་གསེར་ཤུན་རྒྱག་པར་ཐེ་ལེན་ཌིའི་རྒྱལ་པོ་བྷུ་མི་བྷོལ་ཨ་ཊུལ་ཡ་དང་། དད་ལྡན་རྣམས་ཀྱིས་གསེར་ཀི་ལོ་༣༠༠ཙམ་ཞལ་འདེབས་གནང་ཡོད་འདུག
ལས་གཞི་འདིའི་ཆེད་ཐེ་ལེན་ཌིའི་སྲིད་སློན་གཞོན་པ་ཟུར་པ་ཇཱེ་ནེ་རལ་པི་རི་ཅའི་འགོ་འཁྲིད་འོག་གསེར་དེའི་སྲུང་སྐྱོབ་ཆེད། ཐེ་ལེན་ཌིའི་གམིགས་གསལ་རྩལ་སྦྱོང་དམག་མི་༢༣དང་། གསེར་སྦྱོར་ཆེད་ལས་པ་ཁག་ཅིག་གཙོས་པའི་མི་སྣ་བཞི་བཅུའི་རུ་ཁག་ཅིག་ཕྱི་ཟླ་༡༡ཚེས་༡༡ཏེ་རེས་གཟའ་ཟླ་བའི་ཉིན་མོར་རྡོར་ལྡན་དུ་འབྱོར་ཏེ། ལས་གཞི་འགོ་བཙུགས་ཡོད་པ་རེད།
ཐེ་ལེན་ཌིའི་རྒྱལ་པོ་ཨ་ཊུལ་ཡས་ཕྱི་ལོ་༢༠༡༢ལོར་ལས་གཞི་དེར་ཁས་ལེན་བྱས་ཡོད་པ་ལྟར།མངའ་སྡེ་སྲིད་གཞུང་དང། གནའ་དངོས་ཤུལ་རྫས་དཔྱད་ཞིབ་ལྷན་ཁང་དང་། མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང་བཅས་ནས་བཀའ་ཁྲོལ་ཐོབ་སྟེ།ད་ལོར་འགོ་བཙུགས་ཐུབ་ཡོད་པ་རེད། གསེར་སྤྱི་རྒྱལ་(ཀེ་ལོ)༣༠༠ནས་(ཀེ་ལོ)སྤྱི་རྒྱལ་༡༠༠རྒྱལ་པོ་རང་གིས་ཞལ་འདེབས་གནང་ཡོད་འདུག
“མཆོད་རྟེན་གྱི་མཐོ་ཚད་ཕི་ཊི་༡༨༠ཡོད་པ་ལས་སྟེང་གི་ཕཱི་ཊི་༡༨གསེར་ཤུན་རྒྱག་རྒྱུ་རེད་”ཅེས་མཆོད་རྟེན་འཛིན་སྐྱོང་ཚོགས་མི་ཨར་ལྦིན་ཌི་ཀུ་མར་སིང་གིས་གསུངས་ཡོད་འདུག།
མཐའ་མའི་བསྐྱར་བཅོས།( '2013, 11, 20' )
༧སྟོན་པ་ཤཱཀྱ་ཐུབ་པ་སོགས་དུས་གསུམ་སངས་རྒྱས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ས་སྟེ་རྒྱ་གར་གནས་ཀྱི་ལྟེ་བའི་གནས་ཆེན་རྡོ་རྗེ་གདན།
འཛམ་གླིང་གི་གནས་ཆེན་ལྔ་སྟེ། ཡུལ་དབུས་རྒྱ་གར་རྡོ་རྗེ་གདན། ཤར་གྱི་རི་བོ་རྩེ་ལྔ། ལྷོའི་པོ་ཏ་ལ། ནུབ་ཀྱི་ཨོ་ཊི་ཡ་ན། བྱང་གི་ཤམྦྷ་ལ་བཅས་སོ། །

|