༢༠༡༤/༢/༢ཉིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིའི་( Srimanta
Sankaradeva Kalakshetra)དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཊ་རིན་གྷོ་གོ་ཡེ་ ( Chief Minister Tarun Gogoi)མཆོག་དང་། ས་དཔྱད་རིག་པ་ཚོས་བརྟག་དཔྱད་ཞིབ་འཇུག་བརྒྱུད་དེ་ང་ཚོའི་ཕ་མེས་ཡང་མེས་ཚོ་རྡོའི་དུས་རབས་སྐབས་ནས་བོད་ནང་གཞིས་ཆགས་ཟིན་པར་མ་ཟད། བོད་བྱང་ཤར་ས་ཁུལ་ཁག་ནས་རྙེད་པའི་གནའ་རྫས་ལ་བརྟག་དཔྱད་བྱེད་སྐབས་ལོ་ངོ་ཁྲི་
༣ འགྲོ་བཞིན་ཡོད་པ་དང་། བོད་དབུས་ཕྱོགས་ཀྱི་དངོས་ཤུལ་ལ་བརྟག་དཔྱད་བྱེད་སྐབས་ལོ་ངོ་ཁྲི་
༡ ། བོད་ཀྱི་ས་ཁུལ་གཞན་ཁག་ནས་རྙེད་པའི་གནའ་རྫས་ལ་བརྟག་དཔྱད་སྐབས་ལོ་ངོ་
༧༠༠༠ འགྲོ་ཡི་ཡོད་པ་ར་སྤྲོད་བྱུང་ཡོད་སྟབས། བོད་རིགས་ནི་གདོད་མའི་མི་རིགས་ཤིག་ཡིན་པར་ཐེ་ཚོམ་མེད་པ་དང་། དུས་རབས་བདུན་པ་དང་བརྒྱད་པའི་སྐབས་བོད་ཀྱི་བཙན་པོ་རྣམས་སོག་པོ་དང་རྒྱ་ནག་ལྟར་མངའ་ཐང་ཕུན་སུམ་ཚོགས་པོ་བྱུང་ཡོད་ཅིང་། བོད་དུ་ནང་ཆོས་མ་དར་གོང་སོག་པོ་བཞིན་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁོང་ཚོར་ངོམ་རྒྱུ་གཙོ་བོ་རྟ་དང་དཔའ་དམ་ཡིན། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་མཁན་སློབ་ཆོས་གསུམ་བཅས་ཀྱིས་ནང་པའི་བསྟན་པ་དར་སྦེལ་མཛད་པ་ནས་བོད་མིའི་ཀུན་སྤྱོད་ལ་འགྱུར་བ་ཕྱིན་ཡོད་སྐོར་གསུངས་འདུག
|