རྒྱ་རིགས་འབྱོར་ལྡན་ཞིག་གིས་མིང་རྒྱལ་རབས་སྐབས་ཀྱི་དཀར་ཡོལ་ཅིག་ལ་ཨ་སྒོར་ས་ཡ་
༣༦ སྤྲད་དེ་ཉོས་ཡོད་འདུག
ཟླ་འདིའི་ཚེས་ ༨
ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་རིན་སྤར་ཚོང་བསྒྱུར་ ( Auction)གྱི་ཁྲོམ་ར་ཞིག་ཏུ།
རྒྱ་རིཊ་ཕྱུག་བདག་ལེའུ་ཡེ་ཆན་ ( liu Yi qian)ཞུ་བ་ཞིག་གིས།
རྒྱ་ནག་མིང་རྒྱལ་རབས་སྐབས་ཀྱི་རྒྱལ་བོ་ཆིན་ཧོ་(cheng hua) སྐབས་བཟོས་པའི་ཞེང་ལ་སན་ཌི་མི་ཌར་
༨ དང་།
མདུན་ངོས་སུ་ཁྱིམ་བྱ་བཟའ་ཚོས་བྱ་ཕྲུག་ལ་གཅེས་སྐྱོང་བྱེད་བཞིན་ཡོད་པའི་བརྐོས་རིས་ཅན་གྱི་དཀར་ཡོལ་ཞིག་ལ་ཨ་སྒོར་ས་ཡ་
༣༦ སྤྲད་ནས་ཉོས་ཡོད་སྟབས། འཛམ་གླིང་གི་དཀར་ཡོལ་རིན་གོང་ཆེ་ཤོས་དེ་ཆགས་ཡོད་འདུག
འཛམ་གླིང་ནང་བྱ་བརྐོས་ཅན་གྱི་དཀར་ཡོལ་དེའི་རིགས་
༡༧ ཡོད་པ་ལས། དཀའ་ཡོལ་ ༤
མ་གཏོགས་གཞན་རྣམས་འགྲེམས་སྟོན་ཁང་ཁག་ཏུ་ཉར་ཚགས་བྱས་ཡོད་འདུག
སོ་ཐ་བྷེ་ ( Sotheby)རྒྱལ་སྤྱིའི་གནའ་རབས་བརྐོས་རིས་སྒྱུ་རྩལ་ཁེ་ལས་པ་དང་ཨེ་ཤ་ཡའི་འགན་འཛིན་གཞོན་པ་ནེ་ཁོ་ལ་སེ་ཆོ་ (Nicholas Chow) ལགས་ཀྱིས། “འཛམ་གླིང་ཐོག་སྒྱུ་རྩལ་རི་མོའི་བརྒྱན་པའི་དཀར་ཡོལ་ཁྲོད་རྒྱ་ནག་གི་དཀར་ཡོལ་ལྟ་བུ་མེད་སྟབས།
རིན་གོང་མཐོན་པོ་སྤྲད་དེ་ཉོ་དགོས་ཆགས་ཡོད། ” ཅེས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། ༢༠༡༠ ལོར་རྒྱ་རིགས་ཕྱུག་བདག་ཅིག་གིས་ཨ་སྒོར་
༣༢། ༤ སྤྲད་དེ་གནའ་རྫས་ཤེལ་བུམ་ཞིག་ཉོས་པ་ནས་བཟུང་།
རྒྱ་རིགས་ཕྱུག་བདག་ཚོས་རང་ཉིད་ཀྱི་རྒྱུ་ནོར་ངོམ་ཆེད་རིན་གོང་མཐོན་པོ་སྤྲད་དེ་གནའ་རྫས་ཉོ་བཞིན་ཡོད་སྐོར་བརྗོད་འདུག
རྒྱ་རིགས་ཕྱུག་བདག་ལེའུ་ཡེ་ཁྲོན་ལགས་ནི།
དེ་སྔོན་གླ་གཏོང་རླངས་འཁོར་གཏོང་མཁན་ཞིག་ཡིན་འདུག
རྗེས་སུ་ཚོང་ལས་ནང་ཞུགས་ཏེ་ད་ཆར་ཨ་སྒོར་ས་ཡ་ ༩༠༠ ཅན་གྱི་ཕྱུག་བདག་ཨང་ ༢༠༠
པ་དེ་ཆགས་ཡོད་འདུག་ལ། ཉེ་ཆར་ཁོང་གིས་ཉོས་པའིས་དཀར་ཡོལ་དེ། ༢༠༡༢
ལོར་ཁོང་དང་བཟའ་ཟླས་གསར་འཛུགས་བྱས་པའི་ཧྲང་ཧེ་ལེའུ་ལུང་ ( Liu's Long)འགྲེམས་སྟོན་ཁང་འཇོག་རྒྱུ་ཡིན་སྐོར་བརྗོད་འདུག
|