སྤྱི་ལོ་2014ལོའི་སྤྱི་ཟླ11པའི་ཚེས་13དང་བོད་རྩིས་ཀྱི་བོད་ཟླ་དགུ་བའི་ལྷ་བབས་དུས་ཆེན་ལ་རྔ་བའི་ཚེ་སྲོག་གཅེས་སྐྱོང་མཐུན་ཚོགས་ཀྱིས་སྲོག་བླུ་བྱེད་བཞིན་པའི་ཡུལ་དངོས།
རྔ་བའི་དད་ལྡན་མང་ཚོགས་ཀྱིས་ཞལ་འདེབས་འབུལ་བཞིན་པ།
སྲོག་བླུ་བྱས་པའི་ནོར་གནག
དང་བླངས་སྲོག་བླུ་བ་ཚོས་མང་ཚོགས་ཀྱི་ཞལ་འདེབས་བསྡུས་ཏེ་སྲོག་བླུའི་ཁ་གྲངས་ཇེ་མང་དུ་གཏོང་བཞིན་པ།
སློག་བླུའི་རླངས་འཁོར་ཕྲེང་བསྒྲིགས་པ།
རྔ་བའི་ཚེ་སྲོག་གཅེས་སྐྱོང་མཐུན་ཚོགས་ཀྱིས་མ་རྐང་དམངས་སྒོར་ཁྲི་༣༠ལྷག་བཏང་ཐོག་ཞལ་འདེབས་ཕུལ་བ་སོགས་ཀྱིས་ཕྱུགས་ཟོག་༦༠ལྷག་ཅིག་གི་གཅེས་པའི་ཚེ་སྲོག་བསྐྱབས་འདུག
རྔ་བའི་ཚེ་སྲོག་གཅེས་སྐྱོང་མཐུན་ཚོགས་ཀྱི་ཚོགས་མི་མགར་དོན་གྲུབ་ཀྱིས་ང་ཚོས་བོད་ཀྱི་དུས་ཆེན་གང་ཡོད་རང་ནུས་ཀྱིས་སྲུང་བརྩི་བྱེད་བཞིན་ཡོད་ཅེས་གསུངས།
ད་དུང་དང་བླངས་པ་རྔ་བའི་༼དགའ་བདེ་སྐྱེལ་བསུ་མགྲོན་འཁོར་གྱིས་མི་འཇིགས་སྲོག་གི་སྐྱབས་སྦྱིན་༽བྱེད་བཞིན་པ
རྔ་བའི་དགའ་བདེ་སྐྱེལ་བསུ་མགྲོན་འཁོར་གྱིས་མི་འཇིགས་སྲོག་གི་སྐྱབས་སྦྱིན་བྱེད་བཞིན་པ།
རྔ་བའི་དགའ་བདེ་སྐྱེལ་བསུ་མགྲོན་འཁོར་གྱིས་མི་འཇིགས་སྲོག་གི་སྐྱབས་སྦྱིན་བྱེད་བཞིན་པ།
|