| 
 
	ཉེ་རིང་། 
           ཀུའུ་ཁྲེན། 
 
 
ཁྱོད། 
མཚམས་རེར་ང་ལ་ལྟ། 
མཚམས་རེར་སྤྲིན་ལ་ཅེར། 
ངས་བསམས་ན། 
ང་ལ་ལྟ་དུས་ཐག་ཤིན་ཏུ་རིང་། 
སྤྲིན་ལ་ལྟ་དུས་ཐག་ཤིན་ཏུ་ཉེ། 
 
 
	མི་རབས་ཤིག 
                ཀུའུ་ཁྲེན། 
 
 
མཚན་མོས་ང་ལ་མིག་རིལ་ནག་པོ་ཞིག་བསྩལ། 
བདག་གིས་དེ་སྤྱད་ནས་འོད་ཟེར་འཚོལ་བ་བྱས། 
 
 
	སྲང་ལམ། 
          ཀུའུ་ཁྲེན། 
 
 
སྲང་ལམ། 
འཁྱོག་ཅིང་རིང་བ། 
སྒོ་མེད། 
སྒེའུ་ཁུང་མེད། 
ངས་ལྡེ་མིག་བཙའ་མ་ཞིག་ཁྱེར་ནས། 
གྱང་ཞེང་ཆེན་པོ་ཞིག་བརྡུངས། 
 
 
	གྱོད་དོན། 
           ཀུའུ་ཁྲེན། 
 
 
མཚན་མོ་ནི། 
ཁྱུ་དང་ཁྱུ་ཞིག་འདྲ་བ། 
ངོ་གདོང་འགེབས་པའི་མི། 
དལ་བུས་ཉེ་བར་བཅར། 
དེ་ནས་ཡང་ཁ་གྱེས། 
ངའི་ཕུགས་འདུན་ཡལ་སོང་། 
ཁུག་མའི་ནང་དུ་ཆེས་ཆུང་བའི་དངུལ་ལོ་ལས་མ་ལྷག 
ངས་རྐུན་ལ་ཤོར། 
ངས་ཉི་མར་བཤད། 
ཉི་མས་མཚན་མོའི་རྗེས་སུ་བསྙེགས། 
ཡང་མཚན་མོ་ཁྱུ་ཚོགས་གཞན་ཞིག་གིས། 
རྗེས་སུ་བསྙེགས། 
 
 
	ཡོད་ཚད། 
            པེ་ཏའོ། 
 
 
ཡོད་ཚད་ལས་དབང་རེད། 
ཡོད་ཚད་དུ་སྤྲིན་རེད། 
ཡོད་ཚད་མཇུག་འབྲས་མེད་པའི་གྲ་སྒྲིག་རེད། 
ཡོད་ཚད་འཕྲལ་དུ་བཞུར་བའི་འཚོལ་སྙེག་རེད། 
སྤྲོ་སྣང་ཡོད་ཚད་ལ་འཛུམ་མདངས་དབེན། 
སྡུག་བསྔལ་ཡོད་ཚད་ལ་མིག་ཆུའི་རྗེས་ཤུལ་མེད། 
སྐད་རིགས་ཡོད་ཚད་བསྐྱར་ཟློས་རེད། 
འབྲེལ་འདྲིས་ཡོད་ཚད་ཐོག་མའི་ཁ་ཐུག་རེད། 
བརྩེ་དུངས་ཡོད་ཚད་སེམས་སུ་ཉར། 
འདས་དོན་ཡོད་ཚད་རྨི་ལམ་གྱི་ཁྲོད་དུ་ཡོད། 
ཕུགས་བསམ་ཡོད་ཚད་ལ་མཆན་འགྲེལ་ལྡན། 
དད་པ་ཡོད་ཚད་ལ་འཁུན་སྒྲ་ལྡན། 
གྱེར་ལངས་ཡོད་ཚད་ལ་ལྷིང་འཇགས་ཏོག་ཙམ་འདུག 
འཆི་བ་ཡོད་ཚད་ལ་རྙོག་གཏམ་གྱི་བྲག་ཅ་བདོག 
 
 
	བདེ་སྐྱིད། 
           ཧའེ་ཙི། 
 
 
སྤང་ཐང་དུ་ཉི་མས་ངེད་གཉིས་མཉམ་དུ་སྲེག་སྐབས། 
ཆེས་ཐོག་མའི་བདེ་སྐྱིད་དེ་འཐུང་བ་བྱེད་དམ། 
ཆེས་ཐོག་མའི་འོ། 
སྤྲིན་པ་ཧ་ཅང་གསལ་བོ་ཡིན་དུས། 
ངེད་གཉིས་ཀྱི་མཆུ་ཏོའི་སྒྲ་དེ་ཐོས་ཐུབ། 
ཁྱད་མཚར་གྱི་མེ་ལྕེ་དེ་གཉིས། 
དེ་ནི་ཨ་མས་ང་ལ་གནང་བའི་མཆུ་སྒྲོས། 
དེ་ནི་ཨ་མས་ཁྱོད་ལ་གནང་བའི་མཆུ་སྒྲོས། 
མིག་ཟུང་བཙུམས་ནས་ངེད་གཉིས་མཉམ་དུ་འཐུང་བ་བྱེད། 
དཀར་གཙང་གི་ལུག་ཁྱུ་རིང་བོ་བཞིན་མཉམ་དུ་འཐུང་བ་བྱེད། 
ངས་མིག་ཟུང་བགྲད་དུས། 
ཁྱོད་ཀྱི་གནག་སྣུམ་གྱི་སྐྲ་ལོ་ཟིང་བར་འགྱུར། 
ནུ་འབུར་ཆ་དེ་སྐྱ་རེངས་ཀྱི་ཟླ་བ་གཉིས་དང་མཚུངས། 
ཉི་འོད་ཕོག་སའི་ཤིང་ཐུར་འཁྱོག་པོའི་སྟེང་། 
ཁྱོད་ཀྱི་མཚན་མོ་བཞིན་མཛེས་པའི་སྐྲ་ལོ་དེ་སྐེམ་དུ་བཅུག 
 
 
	མེ་ཏོག་བཞད་པའི་སྡོང་བོ་ཞིག 
                              ཞི་མུའུ་རུང་། 
 
 
ཁྱོད་རང་ང་དང་འཕྲད་པར་ཅི་ལྟར་བྱེད་དགོས་སམ། 
ང་རང་ཆེས་མཛེས་པའི་སྐབས་དེར། 
འདིའི་སླད་དུ། 
ལྷའི་སྐུ་མདུན་ནས་ལོ་ལྔ་བརྒྱ་ལ་གསོལ་བ་བཏབ། 
ང་ཚོར་མཉམ་འཛོམས་ཀྱི་ལས་དབང་ཞིག་ཡོད་པའི་གསོལ་བཏབ། 
དེ་ནས་ལྷས་ང་རང་སྡོང་བོ་ཞིག་ཏུ་བསྒྱུར། 
ཁྱོད་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཁ་ཞིག་ཏུ་བཙུགས། 
ཉི་འོད་འོག་ཏུ། 
གཟབ་ནན་གྱིས་མེ་ཏོག་མང་པོ་བཞད། 
ཁོ་ཚོ་རེ་རེ་ནི་ངས་ཚེ་སྔོན་མར་རེ་སྨོན་བྱས་པ་ཏག་ཏག་ཡིན། 
ཁྱོས་ཉེ་བར་གཅར་དུས། 
ཁྱོད་ཀྱིས་གསལ་བོ་ཉོན་དང་། 
འདར་བཞིན་པའི་ལོ་མ་ནི། 
ངས་རེ་སྒུག་བྱེད་པའི་སྤྲོ་སེམས་ཡིན། 
གཞི་ནས་ཁྱོད་ཀྱིས་སྣང་མེད་དུ་བརྒལ་བ་བྱེད། 
ཁྱོད་ཀྱི་རྒྱབ་ཏུ་ས་གང་ལྷུང་བ་དེ 
གྲོགས་པོ་ལགས། 
དེ་འདབ་མ་མ་རེད། 
དེ་ནི་ངའི་སེམས་པ་འཐོར་བའོ།། 
 
 
	ལྗོངས་རྒྱུ། 
          ཝང་ཀུའོ་ཀྲེན། 
 
 
རྒྱང་རིང་དུ་ཡོད་པའི་ས་ཆ་ཞིག་ཡིན་ཚེ། 
ང་ཚོ་ལ་བསླུ་བྲིད་ཟབ་ཅིག་སྦྱིན། 
དེ་ནི་མཛེས་བའི་བསླུ་བྲིད་མིན་པར། 
གཏམ་བརྒྱུད་ཀྱིས་བསླུ་བྲིད་ཡིན་ནོ།། 
རྒྱང་རིང་གི་ཡུལ་ལྗོངས་ཀྱིས། 
མིའི་བློ་ཁ་སྐོང་ཐུབ་མེད་ན་ཡང་། 
ང་ཚོས་ཀྱང་ལྷག་ཏུ་འཛིན་པར་བྱེད་མི་དགོས། 
རྒྱུ་མཚན  འདི་ནི་དངོས་གནས། 
ནོར་འཁྲུལ་ཡིད་དབང་འཕྲོག་པ་ཞིག་རེད། 
མགོ་བོ་ཡར་བཏེགས་ན་དཔྱིད་ཀ མགོ་བོ་མར་བསྒུར་ན་སྟོན་ཁ། 
བདེ་སྐྱིད་ཡོད་ཚད་ཁྱོད་ཀྱི་རྗེས་སུ་འབྲང་བའི་སྨོན་ལམ་འདེབས། 
བྲིས་པ་ཡིན་པས་ཟླ་བ་ཟླུམ་པའོ། སྙན་ངག་ཡིན་པས་ཟླ་བ་ཕྱེད་ཀའོ། 
 
 
	ང་ལ་འཛུམ་མདངས་ཤིག་གནང་ན་ཆོག 
                               ཝང་ཀུའོ་ཀྲེན། 
 
 
བརྩེ་དུངས་མང་བོ་ཞིག་ང་ལ་མ་གནང་། 
ངས་ཅི་ཞིག་ཁུར་ནས་ཁྱོད་ལ་འཇལ་དགོས། 
བརྩེ་བའི་འགན་ནི་ཆེས་ལྕི་བ་ལགས། 
ངས་འཇལ་མ་ཐུབ་ཀྱང་། བརྗེད་ག་ལ་སྲིད། 
ང་ལ་འཛུམ་མདངས་ཤིག་གནང་ན་ཆོག 
ཆང་འཇམ་པོ་བཞིན། བསིལ་རླུང་དང་འདྲ་བ། 
དེ་ནི་ཡིད་འཕྲོག་སླ་བའི་བསྒྲགས་གཏམ་ཞིག་རེད། 
དཔྱིད་ཀ་དང་མཚུངས་པ། དྲོ་སྐྱིད་དང་སྒེག་ཉམས་ལྡན་པ། 
 
 
	2017ལོའི་ཟླ་བ10པའི་ཚེས24ཉིན་གྲུབ། 
 
 
联系方式:18227464564   |