དཔེ་འཕྲིན། མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ་པར་དུ་བསྐྲུན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 14 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »དཔེ་འཕྲིན། མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ་པར་དུ་བསྐྲུན་པ།
དཔེ་འཕྲིན། མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ་པར་དུ་བསྐྲུན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2025/1/14ལྟ་ཀློག (18243)རྩོམ་ཁུངས: ངེད་རྩོམ་སྒྲིག་ཁང་།

རྒྱལ་རོང་མཚམས་གནས་དགོན་དུ་མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ་པོད་༡༧གྱི་ཞལ་ཕྱེ་མཛད་སྒོ་བསྡུས།


     སྤྱི་ལོ་༢༠༢༥ལོའི་ཟླ་༡པོའི་ཚེས་༡༥ཉིན་རྒྱལ་རོང་མཚམས་གནས་ཐོས་བསམ་ནོར་བུའི་གླིང་གི་ལོ་མཇུག་རྒྱུགས་སྤྲོད་དང་སྦྲགས་མཆོག་སྤྲུལ་འཇམ་དཔལ་ཤེས་རབ་རྒྱལ་མཚན་ནམ་རྒྱལ་རོང་ཀརྨ་རིན་པོ་ཆེ་དབུ་བཞུགས་ཀྱིས་འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་པོད་བཅུ་བདུན་གྱི་བདག་ཉིད་ཅན་གྱི་དབུ་འབྱེད་མཛད་རིམ་བསྐྱངས།
     ད་ལན་འཕགས་བོད་མཁས་པའི་གསུང་འབུམ་ཁྲོད་དུ་སློབ་དཔོན་བློ་གྲོས་བརྟན་པའི་གསུང་འབུམ་དང་། བི་ཀྲ་མ་ཤི་ལཱའི་མཁས་པ་སྒོ་དྲུག་གི་གསུང་འབུམ་ཕྱོགས་བསྒྲིགས། རྒྱའི་བཙུན་པ་སློབ་དཔོན་ཝན་ཚིག་གི་གསུང་འབུམ་བཅས་ཡོད། 


དེབ་ཕྲེང་དང་པོ།
     འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ལས་དེབ་ཕྲེང་89པ་ནས་94པའི་བར་གྱི་པོད་དྲུག་ནི་སློབ་དཔོན་དབྱིག་གཉེན་གྱི་རང་ལས་མཁས་པའི་སློབ་མ་བཞིའི་ཡ་གྱལ་མངོན་པ་རང་ལས་མཁས་པའི་སློབ་དཔོན་བློ་གྲོས་བརྟན་པའི་གསུང་འབུམ་ཡིན་ལ། གསུང་འབུམ་འདིར་ཕུང་པོ་ལྔའི་རབ་ཏུ་བཤད་པ་དང་། སུམ་ཅུ་པའི་འགྲེལ་པ། དབུས་མཐའི་འགྲེལ་པ། ཆོས་མངོན་པ་མཛོད་ཀྱི་འགྲེལ་པ། མདོ་སྡེའི་རྒྱན་གྱི་འགྲེལ་པ་སོགས་སེམས་ཙམ་གྱི་གཞུང་འགྲེལ་མང་དུ་བཞུགས། 
དེབ་ཕྲེང་གཉིས་པ།
      འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ལས་དེབ་ཕྲེང་95པ་ནས་101པའི་བར་གྱི་པོད་བརྒྱད་ནི་བི་ཀྲ་མ་ཤི་ལཱའི་མཁས་པ་སྒོ་དྲུག་གི་གསུང་འབུམ་ཡིན། གངས་ལྗོངས་རྒྱལ་བསྟན་གྱི་ཆུ་འགོ་གཉིས་པ་བི་ཀྲ་མ་ཤི་ལཱའི་མཁས་པ་གསེར་རིའི་ཕྲེང་པ་ལྟ་བུ་ལས་གདན་ཐོབ་བླ་ལྷག་ཏུ་མཐོ་བ་ཕྱོགས་བཞིའི་སྒོ་སྲུང་ཆེན་པོ་བཞི་དང་དབུས་ཀྱི་ཀ་ཆེན་རྣམ་གཉིས་ཏེ་ཡོངས་གྲགས་སུ་མཁས་པ་སྒོ་དྲུག་ཅེས་པའི་ཤར་སྒོ་སྲུང་བ་པཎ་ཆེན་རཏྣ་ཨཱ་ཀ་ར་ཤཱནྟིའམ་རིན་ཆེན་འབྱུང་གནས་ཞི་བའི་གསུང་རྩོམ་ལ་ཆོས་ཚན་ཉེར་ལྔ་དང་། ལྷོ་སྒོ་སྲུང་བ་པྲཛྙཱ་ཀ་ར་གུཔྟ་སྟེ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་གསུང་རྩོམ་ལ་ཆོས་ཚན་གསུམ། ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པའི་གསུང་རྩོམ་ལ་ཆོས་ཚན་བཅུ་གཉིས། བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པའི་གསུང་རྩོམ་ལ་ཆོས་ཚན་ཉེར་གསུམ། དབུས་ཀྱི་ཀ་ཆེན་དང་པོ་རཏྣ་བཛྲ་སྟེ་བྲམ་ཟེ་རིན་ཆེན་རྡོ་རྗེའི་གསུང་རྩོམ་ལ་ཆོས་ཚན་བཅུ་དགུ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་བྷ་དྲའི་གསུང་རྩོམ་ལ་ཆོས་ཚན་གསུམ་བཞུགས་པ་སོགས་ཁྱོན་གསུང་འབུམ་པོད་བརྒྱད་བཞུགས།
དེབ་ཕྲེང་གསུམ་པ།

       འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ལས་དེབ་ཕྲེང་102པ་ནས་105པའི་བར་གྱི་པོད་གསུམ་ནི་རྒྱའི་བཙུན་པའམ་ཁོ་རེ་ཡའི་སློབ་དཔོན་ཝན་ཚིག་གི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་ཆེན་ཡིན། 

       རབས་འདིའི་འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ལས་པོད་ཕྲེང་17གྱི་བདག་ཉིད་ཅན་འདིའང་དེ་སྔོན་དཔར་དུ་བསྐྲུན་པའི་རྒྱན་དྲུག་མཆོག་གཉིས་དང་། འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་འཕྲོ་མཐུད་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པ་ཡིན། 
       ངེད་རྒྱལ་རོང་མཚམས་གནས་ཐོས་བསམ་ནོར་བུའི་གླིང་རིག་གཞུང་རྩོམ་སྒྲིག་ཁང་གིས་སྡེ་དགེའི་དཔར་མ་གཞིར་བཟུང་ནས་སྣར་ཐང་། པེ་ཅིན། ཅོ་ནེ་བཅས་ཀྱི་བསྟན་འགྱུར་ཁག་ལ་དཔེ་བསྡུར་བྱས་ནས་ཞབས་མཆན་བཀོད་ཡོད་ལ། གཞུང་ཚན་ཁག་ཅིག་ལ་དེ་སྔོན་ས་བཅད་བཀྲམ་མེད་པས་ཐེངས་འདིར་གསར་དུ་ས་བཅད་བཀྲམ་པ་སོགས་གང་ཅི་ཐུབ་ཀྱིས་མཁས་པ་དགྱེས་པའི་མཆོད་སྤྲིན་ཞིག་ཏུ་འགྱུར་བར་འབད་བརྩོན་ལྷོད་མེད་བགྱིས་ཡོད་དོ།།

རྒྱལ་རོང་མཚམས་གནས་དགོན་དུ་མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ་པོད་༡༧གྱི་ཞལ་ཕྱེ་མཛད་སྒོ་བསྡུས།

昌列寺《丝路文库系列丛书——古译经典文献荟萃17卷》新书发布会

2025115

昌列寺召开《丝路文库系列丛书——古译经典文献荟萃17卷》卷新发布会。由昌列寺嘉绒讲修院祖古颜班希热将参主持,昌列寺众僧参加,在昌列寺随着发布会的开展正式出版发行。

《丝路文库系列丛书——古译经典文献荟萃17卷》一书,由昌列寺嘉绒讲修院学术编辑部主编,四川民族出版社出版。全文收录《安慧论师文集》、《超戒寺六贤门文集》、《圆测大师文集》等汇编成册。具体内容如下:

第一部分:《丝路文库系列丛书——古译经典文献荟萃17卷》(第89卷至94卷),这部分收录了世亲法师四贤徒之安慧论师的文集,其主要内容包括安慧论师所著的,《大乘广五蕴论》、《唯识三十颂释论》、《大乘中观论释》、《俱舍实义释》、《大乘阿毗达摩杂集论》等。

第二部分:《丝路文库系列丛书——古译经典文献荟萃17卷》(第95卷至101卷)主要收录了毗讫罗摩尸罗所著的《超戒寺六贤门文集》。具体内容包括毗讫罗摩尸罗所著包涵六贤门之守东门的《宝寂文集》25部,守南门的《智生慧文集》3部,守西门的《自在语称文集》12部,守北门的《那洛巴尊者文集》23部,守第一中门《宝金刚文集》19部,守第二中门《智吉祥友文集》3部,累计整理合订为8卷。

第三部分:《丝路文库系列丛书——古译经典文献荟萃17卷》(第102卷至105卷),这部分为圆测大师所著的,《解深密经疏》部分。

《丝路文库系列丛书——古译经典文献荟萃17卷》套书以《大藏经》那唐版、北京版和卓尼版等较早的木刻版为蓝本,进行校勘整合出版。


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63v9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50450141
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1