སློབ་དཔོན་དམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། » སློབ་དཔོན་དམ་པ།
སློབ་དཔོན་དམ་པ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/4ལྟ་ཀློག (1799)རྩོམ་ཁུངས: པར་འདེབ།

                                                      བློ་བྷེ་ཚེ་རིང་༼རྨ་ཆུ༽

ཁྱེད་ཀྱིས་མུན་འཇོམས་སྒྲོན་མེ་ཡི་མཚན་སྙན་ཁུར་དུ་བླངས་པ་ནས

ཁྱེད་ནི་མུན་ནག་ཁྲོད་ཁེར་རྐྱང་གིས་འབར་བའི་མར་མེ་ལགས་ན

ཁྱེད་ལ་ལྷད་མེད་ཀྱི་ལྷག་བསམ་ལས་ཅི་ཡང་དབེན་ཨང

གཞན་དག་སྤུས་ལེགས་དབྱིབས་མཛེས་ཀྱི་འཇེབ་འཁོར་ལ་བསྡད་དེ

ཟས་རིགས་སྣ་དགུའི་གསོལ་མགྲོན་ལ་རོལ་སྐབས

ཁྱེད་ཀྱིས་དཔེ་ཆ་ཧྲལ་ཧྲུལ་ཞིག་མཆན་ལ་བཙུར་ཏེ

ས་སྨྱུག་གི་དྲོ་བ་མྱོང་བཞིན

ཀ་ཁའི་གཞས་གདངས་དབྱངས་སུ་གྱེར་བ་སུ་ཡིས་ཐོས་སམ

གཞན་དག་ཐོབ་དང་གོ་སའི་ཆེད་དུ 

རྒྱུ་དང་ནོམ་པའི་ཆེད་དུ

ལས་འབྲས་ལ་རྡོག་རྫིས་གཏོང་བཞིན

ཚུལ་འཆོས་ཀྱི་འཛུམ་མདངས་ངོམ་བཞིན

བྲེལ་འཚུབ་ཀྱིས་འདུར་དུས

ཁྱེད་ཀྱིས་ཤེས་རིག་གི་སྦྲང་རྩི་མངར་མོ་ཕངས་མེད་དུ

སྐོམ་པས་གདུང་བའི་སློབ་བུ་ཚོར་སྩོལ་བཞིན

རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སྐྱོང་བ་སུ་ཡིས་མཐོང་ངམ

གཞན་དག་གིས་ཆུང་མ་གང་མཛེས་དང  

སྡོད་ཁང་གང་ལེགས་འགྲན་དུས

ཁྱེད་ཀྱིས་གཞུང་ལ་གཡར་བའི་ཁང་མིག་དོག་པོ་རུ

ཁེར་རྐྱང་དུ 

བྱིས་པ་སྣབས་ལུག་ཚོའི་མ་འོངས་པར་བསམ་བློ་གཏོང་བཞིན

ཚེ་སྲོག་གི་སྐར་ཆ་རེ་རེ་སྨྱུག་རྩེ་ན་འཛར་གྱིན་པ་སུ་ཡིས་ཚོར་རམ

                                ༢༠༡༠ལོའི་ཟླ་༡པོའི་ཚེས་༥ཉིན།

                                                                ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42029443
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1