༄༅། །རྣམ་གཡེང་བག་མེད་ཀྱི་དོ་རར་འཕྱན་པའི་གཞོན་ནུའི་ལང་ཚོ་སྐྱོབ་པའི་བསླབ་བྱ་བདུད་རྩིའི་ཟེགས་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །རྣམ་གཡེང་བག་མེད་ཀྱི་དོ་རར་འཕྱན་པའི་གཞོན་ནུའི་ལང་ཚོ་སྐྱོ
༄༅། །རྣམ་གཡེང་བག་མེད་ཀྱི་དོ་རར་འཕྱན་པའི་གཞོན་ནུའི་ལང་ཚོ་སྐྱོབ་པའི་བསླབ་བྱ་བདུད་རྩིའི་ཟེགས་མ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/4ལྟ་ཀློག (1824)རྩོམ་ཁུངས: པར་འདེབ།

                                              ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བརྩམས།

ཀ༵་ཕྲེང་སྡེབ་ལེགས་ཚིག་གི་སྦྱོར་བ་ལ་བརྟེན་ནས། །

ཁ༵་བའི་ལྗོངས་སུ་འཛད་མེད་ཤེས་བྱ་ཡི་ཆར་ཕབ། །

ག༵་ནས་བསམས་ཀྱང་སྔོན་བྱོན་མཁས་མང་གི་ཁྲོད་ན། །

ང༵་ཚོའི་མེས་པའི་མཛད་རྗེས་མི་ནུབ་པའི་རྒྱལ་མཚན། །

ཅ༵་ག་ནོར་གྱི་མཆོག་གྱུར་ཐོས་པ་ཡི་ནོར་བུ། །

ཆ༵་རྒྱུས་ཅན་གྱི་མཁས་ལས་འབད་པ་ཡིས་མི་སློབ། །

ཇ༵་མངར་ཆང་ལ་མགོ་བོ་གདུགས་ལྟར་དུ་འཁོར་ནས། །

ཉ༵་མོ་དོལ་ལ་ཚུད་འདྲའི་ན་གཞོན་རྣམས་ཅི་དྲག །

ཏ༵་ལའི་ལོ་མར་བྲིས་པའི་གནའ་རབས་ཀྱི་དཔེ་ཆ། །

ཐ༵་ཤལ་རྨོངས་པའི་ཚོགས་ཀྱིས་ཐལ་དོང་དུ་བསྐྱུར་བ། །

ད༵་ལྟ་དྲན་པའི་སྐྱོ་སེམས་འདི་ཉིད་ཀྱི་ཆ་ཙམ། །

ན༵་ཚས་བར་མེད་མནར་ཡང་བརྗེད་ཐབས་ནི་མི་འདུག །

པ༵་ཏྲའི་རི་མོས་ཞལ་གྱི་དཀྱིལ་འཁོར་ཀུན་ཁེབས་དུས། །

ཕ༵་རྒན་གླེན་པ་ཞེས་པའི་ངན་སྨྲས་དེ་ཐོས་ཡོང་། །

བ༵་གླང་ལྷས་སུ་ཉལ་འདྲའི་རྣམ་གཡེང་འདི་སྤངས་ནས། །

མ༵་ལུས་ཤེས་བྱའི་གནས་ལ་བརྩོན་པ་རེ་མཛོད་ཅིག །

ཙ༵་རིའི་གནས་ཀྱི་ངོ་མཚར་བཀོད་པ་ཡི་གཟིགས་མོ། །

ཚ༵་གྲང་ཁྱད་གསོད་ནུས་པའི་སྐྱེ་བོ་ཡིས་མཇལ་སྐད། །

ཛ༵་ཡའི་དགོངས་དོན་ཟབ་གསང་བརྗོད་བྲལ་གྱི་ངོ་བོ། །

ཝ༵་ལེར་ཁོང་དུ་ཆུད་པ་ཉིན་སྐར་ལས་དཀོན་སྐད། །

ཞ༵་བོས་ཅང་ཤེས་ཞོན་པའི་བརྟུལ་ཞུགས་དེ་བསྐྱངས་ན། །

ཟ༵་ཉལ་འགྲོ་འདུག་སྤྱོད་པའི་དུས་ཚོད་ཀྱང་དོན་ལྡན། །

འ༵་འུར་འདུ་འཛིའི་ཁྲོད་དུ་ཁྱི་འཁྱམ་བཞིན་ཉུལ་ན། །

ཡ༵་རབས་མཁས་རྣམས་ཁྲེལ་བས་བག་ཡོད་དང་ལྡན་མཛོད། །

ར༵་བ་ལྕགས་ལས་གྲུབ་ཀྱང་མཐའ་མར་ནི་འཇིག་འགྲོ། །

ལ༵་རྒྱའི་མདུད་པ་བཅོས་མིན་དམ་པོ་ཞིག་ཡོད་ན། །

ཤ༵་ཚའི་ཁ་ནས་ཐོན་པའི་ཕན་སེམས་ཀྱི་བསླབ་བྱ། །

ས༵་ལེའི་གསེར་བཞིན་ཕན་པའི་ཆ་ཤས་དེ་བཞེས་མཛོད། །

ཧ༵་ལས་དགོས་པའི་ཚིག་སྙན་དོན་ཟབ་ནི་མེད་ཀྱང་། །

ཨ༵་མཚར་ཀུ་རེའི་ཚུལ་གྱིས་ཉམས་མྱོང་གི་དོན་འགའ། །

བཅོས་མིན་ལྷག་བསམ་དཀར་བའི་ཀ་ཕྲེང་དུ་སྤེལ་བ། །

འདུ་ཤེས་གསུམ་པ་མཁྱེན་རབ་འོད་གསལ་གྱིས་བྲིས་སོ། །

                                                            ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42054535
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1