༄༅། ། ཀ་རྐྱང་ལེགས་བཤད་གུར་གུམ་མེ་ཏོག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། ། ཀ་རྐྱང་ལེགས་བཤད་གུར་གུམ་མེ་ཏོག
༄༅། ། ཀ་རྐྱང་ལེགས་བཤད་གུར་གུམ་མེ་ཏོག
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/4ལྟ་ཀློག (1674)རྩོམ་ཁུངས: པར་འདེབ།

                                                       རང་གྲོལ་གྱིས་བརྩམས།

ཀ་ཁ་སློབ་པའི་དེང་གི་གཞོན་ནུ་འགའ། །

ཀ་ལི་ཕྲེང་བར་བསྒྲིགས་པའི་རྩོམ་ལ་དགའ། །

ཀ་རྩོམ་བྲིས་ན་ཤིན་ཏུ་ལེགས་མོད་ཀྱང་། །

ཀ་རྡོ་མེད་ན་ཀ་བ་ཕུགས་མི་བརྟན། །

ཀ་ཡེ་ཟེར་བའི་ཀ་རྩོམ་མང་མཐོང་ཡང་། །

ཀ་བར་རུང་བའི་རྒྱུ་ཆ་ཆེས་ཉུང་བས། །

ཀ་ནས་དག་པའི་བསམ་པའི་ཀུན་སློང་གིས། །

ཀ་རྐྱང་ཁོ་ནས་སེམས་གཏམ་འདི་དག་སྨྲས། །

ཀ་ཕྲེང་རྩོམ་པར་རང་ཉིད་མཁས་རློམ་གྱིས། །

ཀ་མད་སུམ་ཅུ་བཙན་གྱིས་བསྒྲིགས་ན་ཡང་། །

ཀ་དབྲག་ཤིན་ཏུ་ཐུང་བའི་ཁང་བ་བཞིན། །

ཀ་ཅའི་སྣག་ཤོག་གྲོན་པའི་རྒྱུ་རུ་ཟད། །

ཀ་ཏ་བུར་འཛག་ལ་སོགས་མངོན་བརྗོད་ཀྱིས། །

ཀ་ཏའི་བུ་འདྲའི་མཁས་དབང་མགུ་བྱེད་མོད། །

ཀ་ཁའི་གནས་ལ་རྨོངས་པ་བདག་འདྲ་བས། །

ཀ་ཞེས་མཛུབ་མོ་རི་སྟོན་བྱེད་པར་དགའ། །

ཀ་ལ་པིང་ཀའི་དབྱངས་ལྟའི་མངོན་བརྗོད་ལ། །

ཀ་གཉིས་པ་དག་དགའ་བར་མི་འགྱུར་བཞིན། །

ཀ་ཡིག་ཙམ་ཞིག་ཤེས་པ་འགའ་སྒྲོག་ཀྱང་། །

ཀ་ར་བུ་རམ་མངར་ཁྱད་སུ་ཡིས་འབྱེད། །

ཀ་མ་ལ་སོགས་མིང་གི་རྣམ་གྲངས་ཀྱིས། །

ཀ་སྡེའི་ཐ་སྙད་བང་མཛོད་ཕྱུག་ངེས་ཀྱང་། །

ཀ་ཡིག་ནོར་གྱིས་དབུལ་བ་བདག་འདྲ་ལ། །

ཀརྞི་ཀ་ཡི་རྒྱན་ཆ་ངོམ་པས་ཅི། །

ཀ་བ་ལི་ཡི་བོད་ཀྱི་གླེགས་མཛོད་ནང་། །

ཀ་ལིང་སྦུག་གི་ཐ་སྙད་མང་བསྲེས་ན། །

ཀ་སོགས་སུམ་ཅུའི་གསེར་གྱི་ཕོར་བ་ཡང་། །

ཀ་ཐམ་ཕལ་བ་ཙམ་དུ་མི་འགྱུར་གྲང་། །

ཀ་མ་རུ་ཡི་སྙན་ངག་ཁང་བཟང་རྩེར། །

ཀ་ན་ཀ་ཡི་མངོན་བརྗོད་རྒྱལ་མཚན་མཛེས། །

ཀ་རག་བསྐུས་པའི་ས་ཁང་གྲུ་བཞི་ལ། །

ཀ་གཱ་ནཱི་ལའི་ཏོག་གིས་ཅི་ཞིག་བྱ། །

ཀ་ཀོ་ལ་སོགས་མིང་གི་མངོན་བརྗོད་རྣམས། །

ཀ་སྡེའི་ནས་དབྱང་དགོས་ཡེ་མེད་ཀྱང་། །

ཀ་ཡང་རྩེ་མོ་མཆོག་ཏུ་མི་སེམས་པར། །

ཀ་བ་བུམ་པའི་ཐ་སྙད་སྦྱོར་བ་གཅེས། །

ཀ་ལཱ་པ་སོགས་སྒྲ་ལ་ཁུངས་གཏུགས་ནས། །

ཀ་ཁའི་ནུས་པ་དམན་སར་འགོད་པ་དག །

ཀ་མིན་ཁ་མིན་ཞིག་ཏུ་འགྱུར་ངེས་པས། །

ཀ་ཡེ་རང་གི་ཡི་གེར་དང་ཞེན་མཛོད། །

ཀ་བ་འདི་ནི་གངས་ཅན་ནགས་ནས་ཏེ། །

ཀ་རྡོ་འདི་ཡང་ཁ་བ་ཅན་ནས་ཞེས། །

ཀ་ཁའི་འབྱུང་ཁུངས་ངོ་མ་མི་འཚོལ་བར། །

ཀ་ཏར་གྲོང་ལ་མཛུབ་མོ་འཛུགས་དོན་མེད། །

ཀ་བའི་མངོན་བརྗོད་རྩོམ་གྱི་ཁང་བཟང་འདི། །

ཀ་ནས་བཟུང་སྟེ་བོད་ལ་དར་ན་ཡང་། །

ཀ་བ་གདུང་ལྕམ་མེད་པའི་ཚོམས་ཁང་སོགས། །

ཀ་ཡེ་དེང་རབས་དུས་ཀྱི་ཁྱད་ཆོས་ཡིན། །

ཀ་སོགས་ཀུན་གྱིས་གོ་བའི་སྐད་བཀོལ་ནས། །

ཀ་ཁའི་རི་མོ་འབྲི་ལ་ཁྲེལ་བ་རྣམས། །

ཀ་གདུང་མེད་པའི་ཁང་བཟང་མཐོང་བཞིན་དུ། །

ཀ་བ་མེད་ཅེས་བཞད་གད་བྱེད་དང་མཚུངས། །

ཀ་བསྟོད་ཡིན་ཀྱང་ཀུན་གྱིས་མ་གོ་ན། །

ཀ་ཁོག་གསེར་གྱིས་བཀང་ཡང་དགོས་པ་མེད། །

ཀ་ར་ཡིན་ཡང་ཚྭ་དང་འདྲེས་པ་ན། །

ཀ་པི་ཏ་དང་ཁྱད་པར་ཅི་ཞིག་ཡོད། །

ཀ་ཕྲེང་རྩོམ་ཡང་དོན་སྙིང་མི་ལྡན་ན། །

ཀ་སྒྲོགས་སྐད་ལྟར་རྣ་བར་གཟན་འགྱུར་བས། །

ཀ་ལ་པིང་ཀའི་དབྱངས་འདིར་ཁྱོད་སོམས་ལ། །

ཀ་ཕྲེང་རྩོམ་གྱི་ཟློས་གར་སྒྱུར་ཅིག་གུ། །

                                                              ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42052349
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1