༄༅། །མི་རིགས་ཤིག་གི་རྟོགས་སད་དང་བོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །མི་རིགས་ཤིག་གི་རྟོགས་སད་དང་བོ།
༄༅། །མི་རིགས་ཤིག་གི་རྟོགས་སད་དང་བོ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/6ལྟ་ཀློག (1613)རྩོམ་ཁུངས: པར་འདེབ།

                                                               ——དགེ་ཆོས་ཚང་ལ་ཕུལ།

གངས་དགའ་འཁྱམ་པོ། ཆབ་མདོ།

བཀག་རྒྱའི་སྡོམ་པ་རླུང་ལ་བསྐུར།།

བྱམས་པའི་བུ་མོ་པང་ལ་འཁྱུད།།

འདོད་པའི་བསྟན་བཅོས་མི་ཡུལ་བཞག།

རྟོགས་པ་སད་པའི་གད་རྒྱངས་རེད།།

དགེ་བཤེས་མཚན་གྱི་གྲགས་པ་ལ།།

ཆཊ་པའི་བབ་ཆགས་མ་བཞག་པར།།

གཞན་རིག་ནང་འདྲེན་སྙིང་སྟོབས་དེས།།

སེམས་པ་གང་ལ་དཀར་བ་ཤེས།།

སྡེབ་ལེགས་ཚིག་གི་སྦྱོར་བ་ལ།།

མིག་ལྡན་སྐྱེ་བོའི་ཡིད་དབང་འཕྲོག།

དུས་རབས་ཤིག་གི་སྙན་ངག་པའི།།

མཚན་གྱི་ཅོད་པན་ཁྱེད་ལ་དབང༌།།

བཀའ་བབ་གྲུབ་མཐའི་ཤན་རྒྱ་བྲལ།།

དཔྱད་གཞི་ཁུངས་ལ་དབང་བཅོལ་ནས།།

ལོ་རྒྱུས་སྨྲ་བའི་ལུགས་སྲོལ་འདི།།

དྲང་བདེན་སྐྱོང་བའི་བདེན་དཔང་ཡིན།།

རྒྱལ་ཁམས་རིག་པས་བསྐོར་བ་འདི།།

རྒྱང་བལྟའི་འདྲེན་བྱེད་ཆེ་རྒྱས་པའི།།

དུས་རབས་ཤིག་གི་རིག་པའི་བུ།།

ཡིན་ལུགས་བཤད་པའི་རྒྱུ་མཚན་རེད།།

ལྟ་ལོག་ཞྭ་ནག་བསྐོན་ཡང་རུང༌། །

སངས་རྒྱས་རློན་པར་བརྗོད་ཀྱང་ཆོག །

གང་ལྟར་ཁྱེད་ཀྱི་མི་གཤིས་ལ། །

ཁོ་བོ་དགའ་བ་ཚད་མེད་དོ། །

                                      ༢༠༠༩ལོའི་ཟླ༡༢ཚེས༣གྱི་ཐོ་རངས་ཤིག་ལ་ལྷ་ས་ནས་ཤར་མར་བྲིས།

                                                                                                            ༢༠༡༠ལོའི<<རིག་གནས་ཡར་སྤེལ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42052416
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1