༄༅། །བཟོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །བཟོད་པ།
༄༅། །བཟོད་པ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/9ལྟ་ཀློག (1965)རྩོམ་ཁུངས: པར་འདེབ།

                                                                         རྔ་བ་སྐལ་བཟང་སྦྱིན་པ།༼རྨ་ཆུ༽

བླ་མ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །

རང་གཞན་དོན་དུ་བྱང་ཆུབ་མྱུར་འགྲུབ་ཤོག །

བདག་གཞན་ཐམས་ཅད་བདེ་བར་འདོད་རྣམས་ཀྱིས། །

བཟོད་པ་ནད་བརྒྱ་འཇོམས་པའི་སྨན་ལྟར་བསྟེན། །

ཞེ་སྡང་མེ་དཔུང་ཆེན་པོ་གསོད་པ་ལ། །

བཟོད་པ་འཛད་མེད་ཆུ་བོར་ཡང་དག་མཚུངས། །

ཕྲག་དོག་བྲང་འགྲོས་དུག་ཆེན་འཇོམ་པ་ལ། །

བཟོད་པ་མཁའ་ལྡིང་དབང་བོར་ཡང་དག་གཞལ། །

ཚིག་རྩུབ་མཚོན་གྱི་རལ་ཁ་བརླག་པ་ལ། །

བཟོད་པ་གོ་ཆ་བརྟན་པོའི་ཆོས་མཐུན་ཉིད། །

གནོད་སེམས་ཉག་ཕྲན་མདའ་མོ་འགོག་པ་ལ། །

བཟོད་པ་སྲ་བའི་གྲི་ཕུབ་རིགས་སུ་མཐུན། །

ཕ་རོལ་དགྲ་ཡི་བྲག་རི་གཏོར་བ་ལ། །

བཟོད་པ་གནམ་ལྕགས་རྡོ་རྗེའི་དཔེ་རུ་བྱས། །

གཉེན་གྲོགས་ལ་སོགས་མཐུན་པའི་ཐབས་མཆོག་ལ། །

བཟོད་པ་ཤིན་ཏུ་བརྟན་པའི་ཟམ་པ་འདྲ། །

བླ་མ་དགེ་བའི་བཤེས་གཉེན་བསྟེན་པ་ལ། །

བཟོད་པ་དྲི་མེད་དར་དཀར་རིང་མོར་སྨྲ། །

ཕུན་ཚོགས་དགེ་བཅུའི་ལུས་སེམས་བདེ་བ་ལ། །

བཟོད་པ་ཤིན་ཏུ་མཛེས་པའི་གོས་དང་མཚུངས། །

སྦྱིན་སོགས་ཚོགས་གཉིས་བསགས་པའི་བང་མཛོད་ལ། །

བཟོད་པ་དགོས་འདོད་ཀུན་འབྱུང་ནོར་བུ་འདྲ། །

རྒྱལ་སྲས་སྤྱོད་པའི་ལོ་ཏོག་སྨིན་པ་ལ། །

བཟོད་པ་ས་བོན་བཟང་བོ་མཐུན་ཕྱོགས་ཉིད། །

སྟོང་ཉིད་ཟབ་མོའི་ལྟ་བར་སྒོམ་པ་ལ། །

བཟོད་པ་བློ་གཏད་ཆོག་པའི་འཐབ་གྲོགས་བལྟ། །

བཟོད་པ་དཀའ་ཐུབ་ཀུན་གྱི་མཆོག་ཡིན་པས། །

བཟོད་པ་ལྟ་བུའི་རྒྱབ་སྟེན་གཞན་མེད་དོ། །

གནོད་པ་མེད་ན་བཟོད་པའི་ཡུལ་མེད་པས། །

གནོད་ལན་ཕན་པ་བསྒྲུབ་ན་བཟོད་པའི་མཆོག །

དེ་བས་གཞན་གྱི་སྡང་སེམས་ལ། །

བརྟེན་ནས་བཟོད་པ་བསྒོམ་པ་ན། །

དེ་ནི་བཟོད་པ་དམ་པ་ཡི། །

རྒྱུ་ཡིན་དམ་ཆོས་བཞིན་དུ་མཆོད། །

གང་གིས་བཟོད་པ་དམ་པ་བསྒོམ་འདོད་ན། །

ཐོག་མར་ཁྲོ་བའི་སེམས་དེ་མ་བཟློག་ན། །

སེམས་ཡོད་སེམས་མེད་ཐམས་ཅད་དགྲ་ཡིན་སྣང་། །

གཞན་གྱི་ཁྲོ་སེམས་ཚེགས་མེད་བཏུལ་བ་ལ། །

བྱམས་དང་སྙིང་རྗེའི་རྩལ་ལྡན་དཔའ་བོ་ཡིས། །

རང་རྒྱུད་བཏུལ་ན་དགྲ་གཞན་ཡེ་ནས་མེད། །

བཟོད་པ་ཅན་ལ་དགྲ་གཉེན་སུ་ཡིན་གྱིས། །

བཀུར་ཞིང་གཙུག་ཏུ་འཛིན་པའི་ཡུལ་དུ་འགྱུར། །

གནོད་དང་སྡུག་བསྔལ་ཅི་བྱུང་བཟོད་པ་ན། །

དེ་ནི་བཟོད་པ་བླ་ན་མེད་པ་ཡིན། །

བཟོད་པས་དབེན་ན་རྒྱལ་བའི་ཞིང་མི་མཐོང་། །

སངས་རྒྱས་གཟུགས་ཀྱི་སྐུ་མཆོག་འགྲུབ་མི་སྲིད། །

དེས་ན་བཟོད་པའི་ཕ་རོལ་ཕྱིན་པ་ལ། །

འབད་ནས་ཆོས་སྐུའི་ས་བོན་ལེགས་སྨིན་ཤོག 

ཅེས་གནས་མཆོག་སྐུང་གསེར་ཁ་མདོ་ནས་བྲིས།

                                                     ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41556438
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1