མང་ཉུང་སྡེབ་པའི་ཀ་ཕྲེང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »མང་ཉུང་སྡེབ་པའི་ཀ་ཕྲེང་།
མང་ཉུང་སྡེབ་པའི་ཀ་ཕྲེང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/6/9ལྟ་ཀློག (2486)རྩོམ་ཁུངས: ངེད་དྲ་བ།པར་འདེབ།




         ____ཧི་མ་ལའི་ལྗང་མྱུག་གིས།

ཀ་བ་བཞིན་དུ་དྲང་བའི་དཔོན་པོ་ཉུང་།།
ཁ་ཁོག་གཉིས་ཀ་མཚུངས་པའི་གླུ་བ་ཉུང་།།
ག་ལེར་དོན་གཉིས་སྒྲུབ་པའི་ལས་བྱེད་ཉུང་།།
ང་ཅག་བོད་ལ་དྲང་བདེན་མི་སྣ་ཉུང་།།

ཅ་ཅོའི་འཆལ་གཏམ་སྤེལ་བའི་མཁས་པ་མང་།།
ཆ་ལུགས་སྣ་ཚོགས་གྱོན་པའི་གཞོན་ནུ་མང་།།
ཇ་ཁང་ཆང་ཁང་ཉུལ་བའི་སློབ་མ་མང་།།
ཉ་ཉོག་གྲུབ་མཐར་ཞུགས་པའི་ལྟ་ལོག་མང་།།

ཏ་ཐཱ་ག་ཏའི་བསྟན་པ་འཛིན་མཁན་ཉུང་།།
ཐ་ཆད་མི་ལ་སྐྱོན་བརྗོད་བྱེད་མཁན་ཉུང་།།
ད་དུང་ཕ་སྐད་གཙང་མ་བཤད་མཁན་ཉུང་།།
ན་ནིང་ད་ལོ་ལྷག་ཏུ་གྲྭ་པ་ཉུང་།།

པ་ཏྲའི་ཁྲི་ལ་རྔམ་པའི་གཡོ་ཅན་མང་།།
ཕ་མར་བརྩི་བཀུར་མེད་པའི་ཅོལ་ཆུང་མང་།།
བ་གླང་སྤྱོད་པར་མཚུངས་པའི་སྨྱོན་པ་མང་།།
མ་རབས་ཕྱོགས་ལ་རྗེས་སུ་འབྲང་མཁན་མང་།།

ཙ་རི་གནས་སྐོར་བྱེད་པའི་རྣལ་འབྱོར་ཉུང་།།
ཚ་གྲང་དཀའ་སྤྱད་བཟོད་པའི་སྒོམ་ཆེན་ཉུང་།།
ཛ་ཛོར་འདུ་འཛིར་མི་གཡེང་སློབ་མ་ཉུང་།།
ཝ་ལེར་སྙིང་ནས་བོད་ལ་སྲི་ཞུ་ཉུང་།།

ཞྭ་མདོག་དམར་སེར་རྩོད་པའི་སྐྱ་སེར་མང་།།
ཟ་གྲོགས་འཐུང་གྲོཊ་འཁྱམ་གྲོཊ་སྡུག་གྲོཊ་མང་།།
འ་ཅག་བོད་ལ་ལོག་བཤད་ལོ་རྒྱུས་མང་།།
ཡ་མཚན་ང་ཡིན་ཟེར་བའི་གྲུབ་ཐོབ་མང་།།

རྭ་ལྡན་ནོར་གནག་ཚེ་ཐར་གཏོང་མཁན་ཉུང་།།
ལ་ལུང་རྒྱལ་ཁམས་ཡུལ་སྐོར་བྱེད་མཁན་ཉུང་།།
ཤ་ཚའི་སྙིང་གཏམ་བཤད་མཁན་གྲོགས་པོ་ཉུང་།།
ས་རྐོ་རྡོ་སློག་མ་བྱས་ས་ཆ་ཉུང་།།

ཧ་ལམ་གང་བྱུང་མ་བྲིས་བདེན་ལུགས་མང་།།
ཨ་མཚར་ཀུ་རེ་མིན་ལ་བསམ་གཞིག་མང་།།
ཧ་ཅང་སྡེབ་སྦྱོར་དམན་པའི་ཀ་ཕྲེང་འདིར།།
ཨ་ཅང་དགོངས་འགལ་ཡོད་ན་བཟོད་གསོལ་ཞུ།།
     བོད་རྒྱལ་ལོ༢༡༤༠ལོའི་ཟླ་༡ཚེས་༥དགོང་མོར་ཕ་ཡུལ་ནས་བྲིས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsly བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/10
ཨ་རོག་ངས་བལྟས་ན་མྱིང་དང་རྩོམ་གཉིས་ལ་གང་ཡག་མེད། ཆོས་རྒྱམ་ནས།
 སྤེལ་མཁན:  སྤེལ་དུས:2013/8/10
ཧི་མ་ལའི་ལྗང་གིས་བྲིས་པ་ཅུང་ཡག་པོ་རེད།
 སྤེལ་མཁན:  སྤེལ་དུས:2013/8/8
ཀ་ཕྲེང་མུ་ཏིག་སྟར་འདྲ།།ཁ་བའི་ལས་དོན་གླེང་འདུག།།ག་ལེར་མང་ཉུང་སྡེབ་པ།།ང་ཡིས་ལྷག་ཏུ་ལྟ་འདོད།། དྲྭ་གྲོགས་ཁམས་གསེར་སྨྱུག་གིས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41167650
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1