༄༅། ། སྒོ་ཁྱིའི་མཚན་གླུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » ༄༅། ། སྒོ་ཁྱིའི་མཚན་གླུ།
༄༅། ། སྒོ་ཁྱིའི་མཚན་གླུ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/10ལྟ་ཀློག (1514)རྩོམ་ཁུངས: པར་འདེབ།

                                                               འབྲོག་བུ་དཀོམ་བཀྲ༼ནུབ་བྱང་༽

སྲོད་ཀྱི་མཚམས་སྤྲིན་མེ་རུ་འབར།

ཉི་མའི་ཕྱི་མིག་བྲག་ལ་ཐེབས།

རྒྱུ་སྐར་བཀྲ་བའི་གཙང་གཞུང་དུ།

བདག་མོའི་ལན་བུ་ཤག་ཤག་འཁྲུད།

དུ་བ་དཀར་པོའི་གཤོག་ཐོག་ཏུ།

སྲེད་པའི་བྱེའུ་ཆུང་འཕུར་ཞིང་ལྡིང་།

མ་ཎིའི་སྒོ་དར་སྐྱ་བོ་ལ།

ཆགས་པའི་མཆུ་ཏོག་ཡང་ཡང་བསྣུན།

རྒྱང་ནས་གྲགས་པའི་གླུ་སྐད་ཀྱིས།

དོ་ཐོག་མཆོད་མེ་གློ་བུར་གཟིམས།

སྣང་བ་དག་པའི་ལྷ་ཚོགས་ཀྱང་།

སྤྱན་ཟུང་བཙུམས་ཏེ་ཡུལ་དུ་གཤེགས།

བདག་པོ་གཉིད་ཀྱི་ཁྲུས་ལ་རོལ།

རྨི་ལམ་སྦྲང་རྩིའི་ཁུད་དུ་ལྷུང་།

སྦྲ་འདབས་སྐྱེས་པའི་རྩྭ་ལྗང་དག

ཟིལ་བའི་ཆུ་དང་ལུས་འབྲེལ་བྱུང་།

དོ་དགོང་ནམ་མཁའི་ཕོ་བྲང་ན།

ཟླ་ཤེལ་མེ་ལོང་ཨེ་མ་གསལ།

གནམ་སའི་བར་ཐག་ཆེས་ཆེ་ཡང་།

ང་ཡི་ལས་དབང་གཅེར་བུར་མངོན།

མཐིང་མདོག་རི་བོའི་ཁུགས་ཀྱོག་ན།

ང་དང་འབྲོག་མོ་མཉམ་དུ་ཡོད།

སྐེ་ཡི་ལྕགས་ཐག་དགུ་སྒྲིལ་འདི།

ཡང་ལྗིད་གང་དུ་མ་ངེས་སོ།

མུན་པ་སྟུག་པའི་མཚན་གཞུང་དུ།

ང་དང་སྤྱང་མོ་ལྷན་དུ་ཟུག

ལས་ཀྱི་འདོགས་ཐག་བཙན་པོ་འདི།

ནམ་ཞིག་ཆད་འགྲོ་མ་ངེས་སོ།

སྐྱ་རངས་ཤར་ནས་བཀྱགས་པའི་དུས། །

ང་དང་སྨིན་དྲུག་ངལ་བས་གཟིར།

ཚེ་སྔོན་ལས་ཀྱི་བསྐོས་ཐང་འདི།

ནམ་ཞིག་འགྱུར་འགྲོ་མ་ངེས་སོ།

དགུན་གསུམ་གྲང་ལྷགས་ཆེ་བའི་དུས།

ང་དང་ལུག་ཆུང་མཉམ་པོར་སྐྱེས།

གངས་དཀར་ར་བའི་གནམ་གཤིས་ཀྱི།

རྩུབ་སྤྱོད་རེག་བྱ་དང་པོ་མྱངས།

དཔྱིད་ཟླའི་མུ་གེ་ཆེ་བའི་ཚེ།

ང་དང་རྟེའུ་ཆུང་མཉམ་པོར་མནར།

བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱི།

ངེས་ཤེས་ཐོག་མ་དེ་ནས་རྙེད།

དབྱར་གསུམ་ཆར་ཆུས་བྲན་པ་ཡི།

ང་ཡི་ལུས་པོ་རབ་ཏུ་གྲང་།

གངས་འཁྱག་ས་གཞིའི་ཟེ་བར་དུ།

གཟུགས་གཞི་ཧུར་གྱིས་སྲོ་བཞིན་ཡོད།

འཇིག་རྟེན་ལས་ཀྱི་སྐྱིད་སྡུག་ལས།

ངས་ནི་སྡུག་གི་ཆུ་འཁྱག་འཐུང་།

མི་ཡུལ་དགའ་སྐྱོའི་མཐུད་མཚམས་ནས།

ང་ལ་སྐྱོ་བའི་མཆི་མ་མོད།

ཧམ་པའི་སྡེར་མོ་ནང་དུ་བསྐུམས།

སྲེད་པའི་ལྕེ་རིང་ཁོག་ཏུ་བཅུམས།

བདག་པོར་ཞེ་བློ་དཀར་བ་ཡི།

དམ་ཚིག་སྐད་ཅིག་བརྗེད་དུས་མེད།

ང་ཡི་མེས་པོ་རྟུལ་ཕོད་ཅན།

ཤ་ཁྲག་མཚོན་ལ་བརྡར་ནས་ཤི།

རྣམ་ཤེས་བདག་པོར་འཁྱུད་ནས་འདས།

ང་ཡང་དེ་ལྟར་འཆི་སྙིང་སྐྱེ།

ཐོ་རངས་བྱེའུ་སྐད་ཀྱུར་ཀྱུར་གྲགས།

གཏི་མུག་ན་བུན་ཕྱོགས་སུ་ཡལ།

སྡེ་མཐའི་བུ་མོ་ཆུ་ལེན་ལ།

ཐུན་གསུམ་སྲུང་བའི་ཚང་རྩིས་སྤྲད།

རི་ཚོགས་རླབས་ཀྱི་རྩེ་མོ་ནས།

ནམ་ལངས་ཉི་མའི་པྲོག་ཟེ་མངོན།

ཀྲིག་ཀྲིག་འཚེར་བའི་ཟེར་མའི་རྒྱུན།

ང་ཡི་མིག་གི་གཟི་མར་ཆགས།

                                                                                                            ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ec4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41558853
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1