༄༅། །སོར་མོའི་བར་གྱི་སྨྱུ་གུའི་སྐྱོ་གཏམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །སོར་མོའི་བར་གྱི་སྨྱུ་གུའི་སྐྱོ་གཏམ།
༄༅། །སོར་མོའི་བར་གྱི་སྨྱུ་གུའི་སྐྱོ་གཏམ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/10ལྟ་ཀློག (1594)རྩོམ་ཁུངས: པར་འདེབ།

 

སོ་ཤུལ་བློ་བཟང་ཚེ་བརྟན།

ཕྱི་ན་རླུང་འཚུབ་འུར་སྒྲ་ལྡིར་ལྡིར་དུ་གྲགས་དུས། །

ནང་ན་ཉམས་ཆུང་སེམས་པ་ལྟིག་ལྟིག་ཏུ་ལྡིང་དུས། །

མི་ཡི་ཡུལ་འདི་རྡུལ་གྱི་ཀློང་རིམ་དུ་འཐིམས་དུས། །

སྨྱུག་ཐོགས་སྤྲང་ཕྲུག་འཁྱམ་པོའི་སོར་རྩེ་དེ་འཚབ་འོང་། །

གྲང་རེག་བུ་ཡུག་མདའ་མོས་ལུས་པོ་དེ་གཙེས་དུས། །

འཛིན་མའི་བཞིན་རས་ཁ་བས་གུར་ཁྱིམ་དུ་ཡིབ་དུས། །

གཙང་ཆབ་སྔོན་མོ་དར་གྱི་གཤམ་ཀློང་དུ་ཚུད་དུས། །

ཁོ་བོའི་ངག་ནས་སྐྱོ་བའི་འཁུན་སྒྲ་ཤིག་ཤོར་སོང་། །

སྒོ་ཕྱུགས་སྟོང་གིས་ལྷས་ནས་སོ་སྒྲ་དེ་འཆའ་དུས། །

ཕྱུགས་རྫི་རྒན་པོའི་གདོང་ལ་སྐྱོ་ཉམས་ཤིག་ཐོན་དུས། །

འབྲོག་མིའི་འཚོ་བར་རེ་བའི་མིག་ཟུང་དེ་ཟིམ་དུས། །

སྙིང་ལ་གཟན་པའི་ཚིག་ཅིག་མགྲིན་པ་ནས་བརྡོལ་སོང་། །

བཙན་པོའི་རྟ་ཁ་མ་ཐུབ་གང་འདོད་དུ་རྒྱུགས་དུས། །

གཉོམ་ཆུང་རྐང་ཐང་རང་ལམ་ཆོད་མིན་ལ་དོགས་དུས། །

མི་ཡུལ་ཁམས་ན་རྒྱུ་འབྲས་བློ་མིག་དེ་ཕྲ་དུས། །

དྲང་བདེན་དར་ཆ་གོ་ལའི་ཡང་རྩེ་རུ་བསྒྲེང་དགོས། །

བདེ་མོའི་ལམ་ཞིག་བསྟན་ན་མགོ་སྐོར་དུ་སེམས་ཤིང་། །

བདེན་པའི་གཏམ་ཞིག་བརྗོད་ན་དོགས་གཞི་ཞིག་སྐྱེས་ཡོང་། །

ཕ་བུ་ཡིན་ཡང་བློ་གཏད་ཡིད་ཆེས་ཤིག་དཀའ་དུས། །

སེམས་གཏམ་གསོང་བོར་བརྗོད་སའི་བློས་ཐུབ་ཅིག་གང་ན། །

ཡོད་ན་ཡོད་པའི་མི་ཆོག་དོན་སྒོ་ཞིག་ཆོད་དགོས། །

མེད་ན་མེད་པའི་མི་ཆོག་ཟས་གོས་ཙམ་མེད་དགོས། །

ཡོད་མེད་བར་ན་ལུས་པའི་སྡུག་ཡུས་ཀྱི་ཁུར་བོ། །

བརྗོད་ན་འགྲེལ་བ་དཀའ་བའི་ནང་སེམས་ཀྱི་མནར་གཅོད། །

དུས་ཀྱི་འཕར་རྩ་ཉིན་རེར་ཇེ་མགྱོགས་ནས་ཇེ་མགྱོགས། །

རིགས་ཀྱི་དུངས་ཞེན་ཉིན་རེར་ཇེ་ཟབ་ནས་ཇེ་ཟབ། །

མདུན་གྱི་ལམ་བུ་ཉིན་རེར་ཇེ་དོག་ནས་ཇེ་དོག

ཁོ་བོའི་ཡིད་གྱི་རླབས་རྒྱུན་འཇགས་ཐབས་ནི་མི་འདུག །

                                                                                                            ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41550571
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1