སྙན་ངག་ཁག་གསུམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »སྙན་ངག་ཁག་གསུམ།
སྙན་ངག་ཁག་གསུམ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/11ལྟ་ཀློག (1667)རྩོམ་ཁུངས: པར་འདེབ།

                                                                ཚེར་མ།

༡ ཡུལ་དེའི་དགུན་ཁར་མེས་པོ་དྲན་པ།

ཉི་མའི་འོད་དེ་ས་གཞིར་བྱུགས་ཀྱང་

ནམ་ཟླ་སྔར་བཞིན་གྲང་ཤུར་ཤུར  འཁྱག་སིབ་སིབ

གློ་བུར་བས་འཚུབ་སྐོར་རེ་རེའི་ཁྲོད

རང་ཉིད་ཀྱིས་ལྭ་བར་ལྟ་ཐེངས་རེར

ལོ་མ་གྱོན་ཆས་སུ་བྱས་པའི་མེས་པོ་དག་དྲན་ལ

ལག་པ་དམར་བོར་གྱུར་ནས་ཕོར་བ་ས་རུ་ལྷུང་བའི་ཚེ

རལ་གྲི་མཁའ་ལ་འཕྱར་བའི་མེས་པོ་དག་ལྷག་ཏུ་དྲན

༢ ཡུལ་དེའི་དགུན་ཁར་དགེ་ཆོས་དྲན་པ།

རྨ་ཆུ་ལ་སྲ་མཁྲེགས་ཀྱི་དར་ཟམ་དེ་ཆགས་དུས

སུ་ཚང་ལ་དྲོད་ཁོལ་དེ་མི་མཁོ་འམ

ཁང་བ་དེའི་ཕྱི་རོལ་ན

དགེ་ཆོས་ཁ་བ་དང་ལྷན་དུ་བབས་ལ

གྲང་རླུང་དང་ལྷན་དུ་སྤུར

དགེ་ཆོས་དེ་དཔའ་བོ་རེད

ཁོར་ཡུག་དཀར་བོང་བོང་  དེ་ནི་དགེ་ཆོས་ཀྱི་བསམ་བློ་ཡིན་ལ

དགེ་ཆོས་དྲན་པའི་གདུང་བའང་དེ་མ་ཡིན་ནམ

༣ ཡུལ་དེའི་དགུན་ཁར་རང་ཉིད་དྲན་པ།

རླུང་དམར་གྱིས་གཟུགས་མེད་ཀྱི་རལ་གྲི་འཕྱར་ནས

གང་ཞིག་ཏུ་ཇག་ལ་འགྲོ་ཆས་བྱས

རང་ཉིད་ཀྱིས་སྨྱུ་གུ་བཟུང་ནས་སྐྱ་ཐིང་ཐིང་གི་སྤང་གཞུང་ན

རྡུལ་ཕྲན་དང་མཉམ་དུ་གཉིད་ལ་ཤོར

ཀི་སྒྲ་དང་བཅས་ཏེ་ལམ་ལ་ཆས

དེ་དང་སྦྲགས་ནས་སད་བྱུང་  སྣང་ངོར

རང་ཉིད་ཀྱིས་ཀྱང་སྤོབས་པ་ཞིག་རྒྱབ་ཏུ་ཁུར་ཏེ

རྟ་ཕོ་ལ་གོམ་ཁ་བསྒྱུར་སའི་ལམ་བུ་ཞིག་ཡོད་ན་སྙམ

                                                                                                            ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42028496
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1